e-texts navigator
Collection
Volume
Page
Wylie

83a1 མ་ནུ་ནྱ་བྱཱ་བདྷཱན།ཛྭ་ལ་ཛཱ་མ?།མིརྠཱ་བཱདྷཱརྡྷན།དྷཱི་རཱིདྷི་རཱི།བུད་དྡྷི་བདྡྷཱ་ན་སྱཱཿ།བཟུང་ནས་ཇི་སྲིད་ཆོས་གཅིག་ནས།།ཀུན་ནས་ཟླ་བ་རྫོགས་པའི
83a2 བར།།ལེགས་སྦྱར་བྱེད་འདོད་བརྩམ་བྱ་སྟེ།།ཇི་སྲིད་ཟླ་བའི་རྗེས་འཇུག་ལས།།ངག་གི་དབང་ཕྱུག་འགྲུབ་པར་འགྱུར།།དེ་ནས་ཚིགས་བཅད་བརྒྱ་བྱེད་ཅིང་།།ཁམས
83a3 གསུམ་པ་མ་ལུས་པ།།མ་ལུས་ལུས་པ་མེད་པར་འཁྲུགས།།དེ་ནས་བཅོམ་ལྡན་འདས་མཐར་བྱེད་ཆེན་པོ་འཇོམས་པའི་རྡོ་རྗེའི་ཁུ་བ་འགུགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང
83a4 འཛིན་ལ་སྙོམས་པར་ཞུགས་ཏེ།།ཁུ་བ་འགུགས་པ་གོ་རཱིས་སྔགས་འདི་གསུངས་སོ།།ོཾ་ཨ~ཾ་ཀཪྵ་ནི་ཨ་ཀཱརྡྷ་ནི།གཽ་རཱི་ཛཿཧྲིཿདུཥྚ་སྱ་དུཥྚཱ་ཡེ།ཤུ་ཀྲ་ཨཱ
83a5 ཀཪྵ་ཡ་རྗེཿཛཿཧཱུཾ་སྭཱ་ཧཱ།མཁའ་སྒོ་རྡོ་རྗེ་ལམ་དང་རླུང་།།དྲིལ་བུ་ལྕགས་ཀྱུའི་སྦྱོར་བ་ལས།།བཟླས་དང་སྒོམ་པར་རབ་སྦྱོར་ལས།།ཁུ་བོའི་ཚོགས་རྣམས་འགུ
83a6 པར་བྱེད།།དབེན་པའི་ནགས་ཁྲོད་རྣམསུ་ཡང་།།ལས་འདི་རབ་ཏུ་བསྒྲུབ་བྱ་སྟེ།།མཚན་མོ་བདུན་གྱིས་རབ་སྦྱོར་གྱིས།།འདིར་ནི་འགྲུབ་པར་ཐེ་ཙོམ་མེད།།
83a7 དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོ་དུས་འཇིགས་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ།དབང་བསྐུར་བ་མཆོག་གི་དམ་ཚིག་འདི་ཉིད




iiif viewer powered by OpenSeadragon

82b - 83b

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po