| | e-texts navigator
|
82b1 སྐྲོད་པ་འཛིན་པ་མོ།།ཁྲག་འགུགས་པ་ལཱི་རབ་སྦྱོར་ལ།།ཙརྩི་ཀཱ་སྐོམ་རྣལ་འབྱོར་པསྡུ།།དེ་ནས་བཅོམ་ལྡན་འདས་གྲཝ་ཤིན་རྗེ་ཆེན་པོ་འཇོམས་པའི་རྡོ་རྗེ་ཁྲག་འགུགས་པ་ཞེས་བྱ་བའི་ཏིང
82b2 འཛིན་ལ་སྙོམས་པར་ཞུགས་ཏེ།རྡོ་རྗེ་ཙརྩི་ཀཱའི་སྔགས་འདི་དག་གསུངས་སོ།།ོཾ་བཛྲ་ཙཾརྩི་ཀེ་སིད་དྷེནྣ་ནཱི་ལ་ཧཱ་རི་ཎི་རཏྣ་ཏྲ་ཡེ།ུ་པ་ཀ་རི་ཎོ་རུ་དྷུ་ར་ཨཱ་ཀཱཪྵ་ཡཾ་ཛཿཁ་ནི་རབ་ཏུ་གདངས
82b3 བྱ་སྟེ།།སྔགས་འདི་རྗེསུ་དྲན་པར་བྱ།།ཁམས་གསུམ་པའི་ཁྲག་ཆེན་པོ།།འདིར་ནི་འགུགས་པ་ཐེ་ཙོམ་མེད།།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་པོས་ཆང
82b4 དགུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།རྡོ་རྗེ་ཕག་མོས་ཆང་དགུགས་པའི་དམ་ཚིག་འདི་གསུངས།།ོཾ་གྷོ་ཎཱ~ཾ་སུ་གྷོ་ཎྜེ་བཛྲ་མཱ་མེ་ཀྵཱི།བྷ་ར་བྷུ་ར།
82b5 སམྦྷ་ར་སརྦྦ་ར།དྷྲྀ་ཏྲུ་ཀ་མ་དྷུ་ཨཱ་ཀཪྵ་ཡ་ཛཿརྫ་མཁན་ལག་པ་བྱིས་པའི་སས།།བུམ་པ་བྱས་ཏེ་ཀུན་ནས་བསྒྲིབས།།རྐུན་པོའི་སྒྲ་ཡི་གཞིར་བཞིག་སྟེ།།སྔགས་ནི
82b6 རྗེས་དྲན་པར་བྱ།།བཻདྡྷི་ཏས་ནི་མཆོད་རྟེན་དུ།།སྔགས་འདིའི་བདུག་ཉིད་ཆེ་བ་བསྟན།།འབད་པོས་བརྟན་པར་དམིགས་བྱས་ནས།།ཆང་དགུག་པ་ནི་རབ་ཏུ་འགྲུ།།དེ་ནས
82b7 བཅོམ་ལྡན་འོངས་གཤིན་རྗེ་ཆེན་པོ་འཇོམས་པའི་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས།།དབྱངས་ཅན་མས་སྔགས་འདི་གསུང་།
iiif viewer powered by OpenSeadragon
82a - 83a