e-texts navigator
Collection
Volume
Page
Wylie

82a1 གྲོ་གའི་མདབ་མ་ལ་བྲིས་དབང་།།འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད།།ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ།།དགེ་བའི་སེམས་ཀྱིས་ཡང་དག་བཟུང་།།བྱ་རོ།།
82a2 །སྒྲོ་ཡི་སྐྱུག་གུ་ཡིས།།ཉི་མའི་གུང་ལ་ངེས་པར་བརྟུམ།།རོ་བསྲེགས་པདྨ་ཁ་སྦྱར་ལ།།གཱཤིན་རྗེ་གོ་ཤེད་བདག་རྣལ་འབྱོར་ལས།།ོཾ་ཧྲཱིཿཥྞཱིཿསོགས་ཀྱི་སྔགས
82a3 བརྗོད་ཅིང་།།ལྷོ་རུ་གནས་པའི་ཚོར་གཅོད་བྱ།།ཞི་ལ་མཐའ་ཡི་ཡི་གེ་ཡི།།དབྱེ་བ་ནི་གཉིས་ཀྱིས་ཡང་།།ཕྱི་ནས་དབུས་ཀྱི་ཡ་ཡིག་གིས།།ལྷག་མཥྚི་ཡི་གེ་ཅི
82a4 བདེ་བའོ།།སྔོན་དུ་བསྙེན་པ་ཁྲི་བཟླས་ཏེ།།ལས་འདི་རབ་ཏུ་སྒྲུབ་པ་ནི།།གཤིན་རྗེ་གཽཤེད་དམར་རབ་སྦྱོར་ལས།།ཡེ་ཤེས་རྡོ་རྗེ་ཡིས་བྱ་སྟེ།།དྲག་པོ་ཆེན་པོའི་འཁོར
82a5 ལོ་འདི།།བྲིས་པ་གང་དུ་གནས་པ་དང་།།ཡི་གེ་བྲིས་པའི་ཁྱིམ་དུ་ཡང་།།རྟག་ཏུ་འཐབ་མོ་འབྱུང་པོར་འགྱུར།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང
82a6 དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས།འཁྲུལ་འཁོར་གྱི་དབང་དུ་བྱས་པའི་ལེའུ་སྟེ་གཉིས་པའོ།།།།རི་བོ་སྐྱེ་བོས་དབེན་ཕྱོགས་དང་།།ལེཊ
82a7 སྦས་ཡིད་པའི་ཁྱིམ་རྣམསོ།།ཐང་སྐུ་བཀྲམ་སྟེ་རྣལ་འབྱོར་བདག།སྔགས་ཀྱིས་དགུག་པ་ཡང་དག་བརྩམ།།ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀོར།།གྲི་གུག




iiif viewer powered by OpenSeadragon

81b - 82b

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po