e-texts navigator
Collection
Volume
Page
Wylie

80b1 སྟོང་པའི་ལུས་བཞིན་སྒོམ་པར་བྱས།།བདག་ལུས་ལས་བྱུང་གཤིན་རྗེ་གཤོད།།ཁྲོ་བོས་བདག་ཉིད་སྐུ་རྣམས་ཀྱི།།དྲི་ནི་གདུང་བར་བསྒོམ་བྱ་ཞིང་།།ཞག་དང་ཚུལ་དག
80b2 འཐུང་བར་བྱེད།།དེ་མདུན་གཽ་ཤིན་རྗེ་བསམ་བྱི་སྟེ།ལག་ན་དབྱུག་པ་སྟོབས་པོ་ཆེ།།གདུག་པ་དེ་ཡིས་གདུངས་པ་ནི།།མ་རུངས་དེ་ལ་རྣམ་བསྒོམ་བྱ།།དེ་ཡི་ནང
80b3 གྲོལ་བླངས་བྱ་སྟེ།།བྱེ་རྒོད་ཀྱིས་ཁྱེར་མཁྱོའི་དཀྱིལ་འགྲོ།ཀླུ་རྣམས་ཀྱིས་ནི་ས་འོག་འགུག།དྲན་མེད་ལ་སོགས་རྣམ་པར་གཟིར།།དེ་ལྟར་བསྒྲུབ་བྱ་རྣམ་བསམས་ཏེ
80b4 སེམས་ནི་སྙིང་རྗེས་དེས་མོ་ཁྱུད་བྱས།།འཁོར་བ་ལས་ནི་བཏོན་བྱས་ཧཾ།།སངས་རྒྱས་ཞིང་རྣམསུ་སྐྱེས་འགྱུར།།དྲི་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐང
80b5 ཐུགས་རབ་ཏུ་དགྱེས་ཏེ་ཚིག་འདི་གསུངསོ།།ེ་མྲའོ་གསོད་པ་འདི་ནི་བཟང་།།གསོད་པ་གསོད་པ་མ་ཡིན་ཏེ།།ཅི་སྲིད་སྡིག་པ་ལས་གྲོལ་བའི།།འཆི་བ་འཆི་བ
80b6 ཉིད་མ་ཡིན།།སྡིག་པ་སྟོང་ཕྲག་རྣམས་བྱས་ནས།།མནར་མེད་སོགས་པར་གནས་འགྱུར་བ།།ེ་མ་སངས་རྒྱས་བདག་ཉིད་ཆེ།།གསོད་པ་བྱང་ཆུབ་ཐོབ་པར་མཛད།།
80b7 སླར་ཡང་སྙིང་རྗེ་རྣམ་མཛད་ནས།།བསད་འོས་སེམས་ཅན་གསོད་པར་མཛད།།ེ་མེ་སྙིང་རྗེ་མཆོག་གི་སྟོབས།།སྙིང་རྗེ་དམན་པས་མི་འགྲུབ་པོ།།ོཾ་ཧྲཱིཿཥྚྲྀཿ




iiif viewer powered by OpenSeadragon

80a - 81a

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po