| | e-texts navigator
|
80a1 ལྗགས་འགྱུར་བ།།གསུས་པ་ཆེ་ཞིང་འཇིག་སུ་རུང་།།གཙིགས་ཤིང་གྱེན་དུ་འབར་བའི་སྒྲ།།དེ་བཞིན་སླར་སྨིན་མ་སེར།།གཡས་པ་རྡོ་རྗེའི་དབྱུག
80a2 པ་ཆེད་དེ་གཡོན་པ་ཐོད་པ་ཉིད་ཀྱང་སྟེ།།རྣམ་འགྱུར་མཆེ་བ་གཙིགས་པའི་ཞལ། བསྐལ་པའི་མེ་ལྟར་ཡང་དག་མཚུངས།།དེ་ལྟར་བདག་ཉིད་རྣམ་བསམས་ཏེ།།
80a3 དེ་མདུན་བསྒྲུབ་བྱ་མྱུར་དགོད་བྱ།།དྲི་ལྡན་རིམས་གཟིར་ནད་རྣམས་ཀྱི།།གདུག་པའི་ལུས་ལ་གཟིར་བ་དང་།།གོས་དང་བྲལ་བས་འདར་བ་དང་།།ཉམས་ཆུང་ལུས་ནི་རྨ
80a4 དང་ལྡན།།འབྲས་ཀྱི་ཕྲེང་བས་ཡན་ལེག་བསྐོར།།མཚོན་ཆ་ཡིས་ནི་གཟིར་བར་བྱ།།གྲང་བའི་རླུང་གིས་ཉེ་བར་གཙེས།།མ་ཡི་དབུས་སུ་ཡང་དག་གནས།།མ་ཧི
80a5 དག་དང་སྟག་དང་ནི།།ཁྱི་དང་མཆུ་རིངས་ཅན་རྣམས་ཀྱིས།།སངས་རྒྱས་སྡེ་ནི་རྣམ་འཇོམས་པའི།།མ་རུངས་ཆེན་པོ་ཟ་བྱེད་ཅིང་།།མཐར་བྱེད་ལྟ་བའི་ནང་ན་གནས།།
80a6 ཆེར་མ་རྣམས་ཀྱིས་ལུས་གོང་བ།།གདོས་དང་སྒྲོག་གི་རྐང་པར་བསྡམས།།དེ་བཞིན་དུམ་བུ་དུམ་བུར་བྱས།།ལྤགས་པ་མེད་པར་བྱས་བསམས་ཏེ།།སྐེ་ཚེ་དང་ནི
80a7 ལན་ཚྭས་བྱུག།སཱིད་ཡིག་བརྗིད་པས་བསམ་པར་བྱ།།དེ་ཡི་ལུས་ཀྱི་སྲུང་བ་སོགས།།བཅང་ནས་བདག་མདུན་དགོད་པར་བྱ།།དེ་ཡི་གོ་ཆ་བགོས་བྱས་ཏེ།།
iiif viewer powered by OpenSeadragon
79b - 80b