| | e-texts navigator
|
79b1 སྟུ་སྦྱིནཱ་ཡནྡྷ་པྲཱཊྚཀཨཱརྱ་སྟཀྲྀ་ཏ།ཏཱིནཱི་པ་ར་ཡ་ཏ་བ་ཪྴ་པ་ཀ།བ་ར་ཏ་ཡ་ཏོ་བཱིཪྴ་བ་ཀཾ།བ་རཱ་ཏ་ཡ་དྷཱ་དཿསྱཱནཱ་གསྟྱདྷ་ན་ཀུ་རུ་ལི།ཞེས་པ་གསུངས་ཏེ།བཙམ
79b2 ཉི་མ་གཅིག་གིས་འགྲུབ་པར་འགྱུར།།དུར་ཁྲོད་རས་ལ་འཁོར་ལོ་གཉིས།།སྣང་བཞིན་བྲི་བྱཱ་བ་རྟུ་ལ་ཞུགས་ཅན།།སྐྱེ་ཚ་དང་ནི་ལན་ཚྭས་ཀྱང་།།དྲུག་ནིམ་པ
79b3 ཀྱང་སྟེ།།དེ་བཞིན་ལྡན་ཚྭ་ཚ་བ་གསུམ།།དུར་ཁྲོད་སོལ་བ་ཉིད་དང་ནི།།སྒྱུ་བྱེད་མདབ་མོའིའོ་ཁུ་བ་དང་།།དེ་བཞིན་གཏུམ་པོའི་ས་བོན་ཉིད།།མཛུབ་མོའི་ཁྲག་ནི་བླང
79b4 བྱས་ཏེ།།ཙི་ཏྲ་ཀ་ཡི་ཁུ་བ་འམ།།ཚྭ་སྒོ་ཅན་གྱིས་བླངས་ཏེ།།གདོལ་པའི་རྫ་མའི་དྲེག་པ་དང་།།ལྟོགས་པ་ཅན་གྱི་སྐྱེ་གུ་ཡིས།།གདུག་པའི་སེམས་ཀྱིས་བཅུ
79b5 བོབཞི་ལ།།ཉི་ཕྱིང་ན་བྲི་བརྟུལ་ཞུགས་ཅན།།མ་རུངས་པ་རྣམས་བསང་རྒྱུ་ཡི།།སྣ་ཚོགས་སེམས་ཅན་རྣམ་འཇོམས་པའོ།།ཧཱུཾ་ཡིག་གིས་ནི་རྣམ་སྤེལ་བྱ།།ལྷོརུ
79b6 མངོན་ཕྱོགས་རྣལ་འབྱོར་པ།།བདག་ཉིད་གཤིན་རྗེ་གཤེད་པོ་ནི།།གཏུམ་པོ་ཆེན་པོ་ཁྲོ་བོའི་གཟུགས།།ཐོད་པའི་དུམ་བུས་རྣམ་པར་རྒྱན།།མ་ཧོ་ལ་ཞུགས
iiif viewer powered by OpenSeadragon
79a - 80a