e-texts navigator
Collection
Volume
Page
Wylie

79a1 དུ་བཞག་སྟེ།།ཁམ་ཕོར་སེར་པོ་སྟེང་བཞག་ནས།།དེར་ནི་མཁས་པས་རི་མོ་བྲི།།དང་པོ་རི་མོ་བཞི་བཅུ་བདུན།།མཉམ་པར་གཞག་སྐྱེ་མཉམ་བྲི་བྱ།།ཅོག་བརྒྱད་དུ་གྲགས
79a2 རབ་ནི།།དེ་ཡི་སྟེང་དུ་ཡང་དག་བྲི།།ཧཱུཾ་ཡིག་དང་ནི་བ་ཡིག་སྟེ།།དེ་ཡིས་རི་རབ་ནང་དུ་སྦྲེལ།།དེ་ཡི་ནང་དུ་ལཾ་ཡིག་གིས།།དབང་ཆེན་དཀྱིལ་འཁོར་དགོད་པར་བྱ།།སྣ་ཚོགས
79a3 རྡོ་རྗེས་མནན་པ་ལཾ།།སྲད་བུ་སེར་པོས་དཀྲི་བར་བྱ།།བདག་ཉིད་གཤིན་རྗེ་གཤེད་པོ་ནི།།སྐུ་མདོག་སེར་པོ་རྣམ་པས་མ་བྱ།།ལྷོ་རུ་མངོན་ཕྱོགས་རྣལ་འབྱོར་པས།།དབང
79a4 ཆེན་དཀྱིལ་འཁོར་དང་ལྡན་པའི།།བསྒྲུབ་བྱ་སོར་པོ་རྣམས་བསམས་ནས།།རི་རབ་ཀྱིས་མནན་མྱུར་དགོད་བྱ།།སྣ་ཚོགས་རྡོ་རྗེ་མཉམ་མནན་ལ།།དབང་ཆེན་དཀྱིལ་པ་འོ
79a5 ལྔསྣ་འོག་ཏུ།།མན་དེར་སོགས་འཇིགས་རུང་རི།།གངས་རི་གཡོ་མེད་མཚུངས་རྣམས་ཀྱིས།།བསྒྲུབ་བྱ་མནན་པ་བསྒོམ་བྱ་སྟེ།།དེ་ཉིད་བཟླས་པ་བྱ་བ་ཉིད།།ོཾ་ཧྲཱིཿཧྲཱི
79a6 ཝི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཧཱུཾ་ཕཊ་ཕཊ།ལཾ་ལྷ་སྦྱིན་སྭ་སྠཱ་ན་སྟཾ་བྷ་ཡཱ་ལ~ཾ་སྭཱཧཱ།ཞེས་གསུངས་ཏེ།བཅོམ་ལྡན་འདས་ཀྱི་རངས་པ་ཆེན་པོའི་དམ་ཚིག་གོ།ངག་ནི་རེངས་པར་འདོད་པ་ཡིས།
79a7 རང་བཞིན་འཁོར་ལོ་གཉིས་བྲིས་ནསོ།།བསྒྲུབ་བྱའི་མིང་རྣམས་ནང་སྤེལ་ཏོ།།དེ་ནས་སྤོས་ཤིང་སྔགས་བཟླས་བྱ།།ོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ལཾ།




iiif viewer powered by OpenSeadragon

78b - 79b

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po