e-texts navigator
Collection
Volume
Page
Wylie

78b1 རྣོན་ཁྲག་བསྐྱེས་བྱས།།འཁོར་ལོ་གཉིས་ནི་མཉམ་ས་ཏེ།།ཛཛ~ཾ་རཱགྣ་དང་ནི་དྷཱིཿཡིག་གྱིས།།བརླབ་མིང་ནི་རླུང་སྦྲུལ་བྷ།།བཙུན་མོའི་པདྨའི་སྣོད་དུནི།།
78b2 སྦྱར་བཞག་སྟེ་མཆོད་པར་བྱ།།སྲད་བུ་དམར་པོས་དཀྲིས་ནས་ནི།།མེ་ཏོག་དམར་པོས་མཆོད་པར་བྱ།།བདག་ཉིད་གཤིན་རྗེ་གཤེད་པོ་ནི།།འཚམས་ཀྱི་ཉི་མ་ལྟར་འབར
78b3 བ|ལྕགས་ཀྱུ་ཁ་དོག་དམར་པོ་ཡིས།9།བསྒྲུབ་བྱི་བཀུག་པ་ཉིད་བསྒོམ་བྱ།།ལྕགས་ཀྱུ་རྣམས་ཀྱིས་སྙིང་ཕུག་ཅིང་།།ཞགས་པས་རྐེད་པ་ལ་བཅིངས་ཏེ།།རླུང་གི་དཀྱིལ
78b4 འཁོར་སྦྱོར་བ་ལས།།སེང་གེ་དམར་པོ་མཉམ་ཞོན་པ།།རྫས་ལྔ་ཡཽས་ནི་བསང་བྱ་སྟེ།།དེ་ནི་འོང་བར་རྣམ་བསམ་བྱ།།གལ་ཏེ་བསྒྲུབ་བྱ་མ་འོངས་ན།།སེང་ལྡེང
78b5 ཤིང་མེ་འབ་བ་ལ།།འཁྲུལ་འཁོར་དེ་བསོས་བརྟུལ་ཞུགས་ཅན།།དེར་ནི་བཟླས་པ་ཡང་དག་བརྩམ།།ོཾ་ཧྲཱིཿཥྚིཿཝཱི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾཿཕེཾཊ་ཧྲཱིཿཱ་མུ་ཀ་ཨཱ་ཀཪྵཱ
78b6 ཡ་ཧཱིཿོཾ་ཧྲཱིཿཥྞཱིཿཝཱི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿལྷ་སྦྱིན?་ཨཱ་ཀཪྵ་ཡ་ཛཿཅེས་པ་གསུངས་ཏེ།བཅོམ་ལྡན་འདས་ཀྱི་བཀུག་པའི་དམ་ཚིག་གོ།བློ་ལྡན་དུར་ཁྲོད
78b7 རས་མ་ལ།།ཡུང་བ་ཡི་ནི་ཁུ་བོ་ཡིས།།འཁོར་ལོ་གཉིས་ནི་མཉམ་བྲིས་ཏེ།།ལཾ་ཡིག་གིས་ནི་ནང་དུ་སྤེལ།།བསྒྲུབ་བྱའི་མིང་ནི་ཡང་དག་བླང་།།ཁམ་ཕོར་ཁ་སྦྱར།




iiif viewer powered by OpenSeadragon

78a - 79a

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po