| | e-texts navigator
|
77a1 རྡོ་རྗེ་འཆང་རྒྱལ་པོ།།ཉེས་པ་ཐམས་ཅད་གོས་པའི་བདག།ལས་ཀུན་རབ་ཏུ་སྒྲུབ་པ་པ།།གསུང་ནི་འདི་དག་བཀའ་སྩལ་ཏེ།།དེ་ནས་བཅོམ་ལྡན་འདས་དེ་བྱིཞིན
77a2 གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་མཐུ་མངའ་བ་ལ་མཆོད་པ་བྱས་ཏེ་ཕྱག་འཚལ་བ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཡང་དང་ཡང་དུ་ཕྱུག་འཚལ་ཞིང་།
77a3 བཅོམ་ལྡན་འདས་ཀྱི་གསུང་མཉན་ཏོ།།དེ་ནས་རྡོ་རྗེ་འཆང་རྒྱལ་པོས།།དབང་བྱེད་འཁྲུལ་འཁོ་རབ་གསལ་བྱེད།།གཤིན་ཎྱེག་ཤད་ནག་འཁྲུལ་འཁོར་རྣམས།།མ
77a4 བྱུང་འབྱུང་བར་མི་འགྱུརརོ།།བུད་མེད་དབང་བྱེད་ཕྱིར་དེ་བཞིན།།བསྲུང་བའི་དོན་དུ་བྱེ་བ་ཉིད།།གི་བི་བཟུང་བྱ་ཞི་བ་ལ།།གྲོ་ག་དེ་བཞིན་སྡུག་ཤུན་ལ།།འཁོར་ལོ
77a5 གཉིས་ནི་མངོན་བྲིས་ཏེ།།ན་མཿམིང་ནི་ནང་དུ་སྒྲོལ།།ནག་པོ་རྩ་བ་སོགས་སྤངས་ཏེ།།ཁམ་ཕོར་གཉིས་ནི་ཁ་སྦྱར་ལ།།མར་དང་སྦྲང་རྩིའི་དབུས་བཞག་སྟེ།།
77a6 སྲད་བུ་དཀར་པོས་དཀྲི་བར་བྱ།།མེ་ཏོག་དཀར་པོས་ཐུན་གསུམ་དུ།།ཤར་དུ་ཁ་བལྟས་མཆོད་པར་བྱ།།གཤིན་རྗེ་མཐར་བྱེད་ཟླ་ཤེལ་འོད།།བདག་ཉིད་བསམ
77a7 ཏེ་འདུ་འགོད་བྱ།།བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལོ།།ཞེན་པ་བལྟས་ཏེ་དབང་བསྐུར་བྱ།།བུམ་པ་དཀར་པོ་ཟླ་འདྲ་བ།།བདུད་རྩི་ལྔ་ཡིས་གང་རྣམས་ལ།
iiif viewer powered by OpenSeadragon
76b - 77b