| | e-texts navigator
|
76a1 པའི་གཤིན་རྗེ་གཤེད།།ཐུགས་ཀྱི་རྡོ་རྗེ་རབ་གསལ་བ།།རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ།།འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད།།ཁྱབ་བདག་ཆགས་པའོ།།
76a2 ཆོས་འབྱུང་གནས།།དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག།གསུང་གི་རྡོ་རྗེ་ཁྱོད་ཕྱོག་འཚལ།།ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད།།ལས་ཀུན་བྱེད་པའི་གཤིན་རྗེ་གཤེད
76a3 སྐུ་ཡི་རྡོ་རྗེ་རབ་གསལ་བ།།ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ།།སངས་རྒྱས་ཀུན་གྱི་རིང་བཞིན་ཁྱོད།།སངས་རྒྱས་ཐམས་ཅད་གཙོག་བསྡུས་པས།།སངས་རྒྱས་ཀུན་རབ
76a4 མཆོག་གི་མཆོག།དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ།།ོཾ།\ུ0f7f།ཡིག་ལས་སྐྱེས་པདྨའི་སྣོད།མི་མགོ་གསུམ་གྱི་སྟེང་གནས་པ།།དག་པར་རྣམ་པར
76a5 བསྐྱེད་བྱས་ཏེ།།དེར་ནི་འོག་ཏུ་མེ་དཀྱིལ་འཁོར།།ཟུར་གསུམ་རཾ་ཡིག་ལས་བྱུང་བའོ།།དེར་ནི་འོག་ཏུ་རླུང་དཀྱིལ་འཁོར།།སྔོན་པོ་གཡོ་བ་གཞུ་ལྟ་བུ།།བ་དན
76a6 གྱིས་མཚོན་ཡཾ་ལས་བྱུང་།།དེར་ནི་དེའི་མིང་དང་པོ་ལས།།བསྐྱེད་དེ་རྣམ་སྣང་ལ་སོགས་པ།།བུམ་ཡིག་སོགས་ལས་ཡང་དག་བྱུང་།།གླང་པོ་ཆེ་ལ་སོགས་པ་ལྔས།།
76a7 ཧཱུཾ་སྐྱེ་རྡོ་རྗེའི་ཁ་ཆོད་ཀྱི།།བཀབ་པ་མཁས་པས་བསྒོམ་པར་བྱ།།མེ་ལ་རླུང་གིས་བསྐྱོད་པ་ན།།དར་ནི་ཞུ་བ་རྣམ་བསམ་བྱ།།རྡོ་རྗེའི་རོ་མེཉམ་དག་གྱུར་ཅིང་།།ཤིན་ཏུ
iiif viewer powered by OpenSeadragon
75b - 76b