e-texts navigator
Collection
Volume
Page
Wylie

75a1 རིགས་ལྡནྡ་སྣ་ཚོགས་དཔུང་པའི་རྒྱུན།།གདངས་ཅན་སེ་པོ་དུང་སྐྱོང་ནི།།ལག་གངབྱ་དག་ཏུ་འཛིན་པ་སྟེ།།པདྨ་ད། པོ་དོ་ཤལ་མཛེས།།ཀརྐ་ནན
75a2 སྔོ་བསངས་ཀྱང་།།མཆོད་ཕྱིར་ཐོགས་པས་མཛེས་པོ་སྟེ།།གདེངས་ཅན་ནོར་རྒྱས་བདུད་རྩི་ཡི།།ཁ་དོག་ལྟ་བུའི་སྐ་རགས་བྱས།།པདྨ་རྩ་ལྟ་བུ་དཀར་བའི་མདོག།
75a3 པདྨ་ཆེན་པོས་རྐང་གདུབ་བྱས།།ཐམས་ཅད་ཕུད་ཀྱི་རྣམ་པ་སྒྲོགས།།ལྷོ་གཉིས་ཕྲེང་བའི་མཆེ་བ་ཅན།།ཞེས་པ་འཁོར་བ་མྱང་འདས་ཀྱིས།།གཟུགས་ཅན
75a4 གཤིན་རྗེ་གསོད་པ་སྟེ།།རྣམ་རྟོག་ཐམས་ཅད་གཞོམ་པའི་ཕྱིར།།སྔགས་ཀྱིས་ཡང་དག་བྱིན་རླབས་བྱ།།རང་ཉིད་ས་བོན་ལྕགས་ཀྱུས་དགུག།ཞལ་ནས
75a5 ཞུགས་ཏེ་ཐམས་ཅད་དུ།།མཁའ་ཁྱབ་རྫོགས་པའི་སངས་རྒྱས་ཀུན།།ཞལ་ནས་ཞུགས་རྣམས་སྙིང་ཁར་ཞུ།།དེར་ནི་ས་བོན་ཕྱུང་བྱས་ཏེ།།རྡོ་རྗེའི་ལམ
75a6 ནས་ཞུ་བ་སྟེ།།རང་འོད་པདྨའི་ནང་གོནས་པ།།ས་བོན་རང་བཞིན་ཅན་བལྟ་བྱ།།ས་བོན་དེ་རྣམས་ཀྱིས་བྱིན་རླབས།།འོད་ཟེར་མི་བཟད་འཕྱོ་བ་ནི།།མཁ
75a7 པས་ཆོ་ག་བཞིན་བསྒོམ་བྱ།།བལྟས་ཏེ་སྙིང་ཁར་ཞུ་བྱས་ལ།།རྡོ་རྗེའི་ལམ་ནས་ངེས་ཕྱུང་སྟེ།།རང་གི་རིག་མའི་པདྨ་ཡི།།ཟེ་འབྲུང་ལྷ་མོའི་ཚོགས་བལྟས།




iiif viewer powered by OpenSeadragon

74b - 75b

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po