| | e-texts navigator
|
73b1 ཛྙཱན་བཛྲཱིསྠུ་བྷཱུ་ཝ་ཨཱཏྨཀྲཱྀ་ཧ~ཾ།ཡཾ་རི་བྱཾ་ལོ།དཀྱིལ་འཁོར་བཞི།བསྡུས་པའི་བྷྲཱུཾ་ཡིག་ལས་སྐྱེས་པའོ།།ཁྱ་པ་བནྡུག་ས་བ་བསྒོམ་པར་བྱ།།གྲུ་བན་པ་ལ་སྒོ་བཞི་པ།
73b2 བཱི་བེས་བཞི་ཡིས་རྒྱུན་པ་སྟེ།།དོ་ཤལ་དོ་ཤལ་ཕྱེད་པས་སྤྲས།།ལྷ་དང་ལྷ་མོས་ལེགས་པར་མཛེས།།སྣ་ཚོགས་རྩེ་མོ་རླུང་བསྐྱོད་པའི།།བ་ད་ནི་དྲིལ་བུ་མཉམ་པར་ལྡན།།
73b3 དེ་ཡི་དབུ་གནས་པ་ཡིག་གིས།།སྣ་ཚོགས་པདྨོ་རྣམས་བསམ་བྱ།།དྲྀར་ནི་ལྟེ་བའི་དབུས་གནས་པའི།།སྣ་ཚོགས་རྡོ་རྗེ་དཐུག་པར་བཅས།།མཚན་མ་མཐའ་དག་ཡོངས
73b4 བྱུགྱུར་ནས།།ཞེ་སྡང་བདག་ཉིད་རྣམ་པར་སྒོམ།།པདྨ་ཉི་མ་མཉམ་མནན་ཅིང་།།མ་ཧེ་དམར་པོའི་སྟེང་བཞུགས་པ།།གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི།།བདུད་རྣམས་ཐམས
73b5 ཅད་ངེས་འཇོམས་པ།།ཉི་མ་བྱེ་བའི་འོད་ལྡན་ལྷ།།རོ་ལངས་མ་ཡིས་མགྲིན་མཁྱུད་ཅིང་།།དཔའ་བོ་ཞལ་ཅིག་ཕྱག་གཉིས་པ།།ཀླུ་ནི་བརྒྱད་ཀྱིས་རྣམ་པར་རྒྱན།།
73b6 སྤྱན་གསུམ་དམར་པོ་འཇིགས་པོ་སྐྱེ།།ཁྲིག་ལྡན་མགོ་བོའི་ཕྲེང་བ་ཅན།།གཡོས་ན་རྡོ་རྗེ་དབྱུག་པ་དང་།།གཡོན་ན་ཐོད་པ་འཛིན་པའོ།།ཁྲོ་བོ་ཞལ་དང་མཉམ་ལྡན
73b7 ཞིང་།།ལྗགས་སྒྲ་མཆེ་བ་གཙིགས་པ་ཅན།།ཁྲོ་གཉེར་ལྡན་ཞིང་སྐུ་རྒྱས་པ།།སྟག་གི་ལྤགས་པས་རྐེད་པ་གཡོགས།།ཐུང་ཞིང་གསུས་འཕྱང་འཇིགས་པར
iiif viewer powered by OpenSeadragon
73a - 74a