| | e-texts navigator
|
63b1 ཡོངས་སུ་གྲང་བའི་དུག་ཀྱང་མེད་པར་འགྱུརརོ།།དྲུག་ཁུར་སྟོང་ཡང་ཟ་ནུས་སོ།།དེ་ནས་ཞུ་བའི་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང་སྟེ།བསྒྲུབ་བྱ་མདུན་དུ་བསམ་སྟེ།དྲིའི
63b2 རླུང་པ་གཉིས་ལ་ཡི་གེ་ཡཾ་ལས་གྱུར་རཱི་རླུང་གི་དཀྱིལ་འབྱོར་བསམ་པར་བྱ།དེའི་སྟེང་དུ་གུས་བྱ་བའི་གནས་སུ་མའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་རཾ་གྱིས་བྱིན
63b3 གྱིས་བརླབས་པ་བསམ་པར་བྱའོ།།དེའི་སྦྱོང་དུ་སྙིང་ཀར་སའི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་ལམ་གྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ།།དེའི་སྟེང་དུ་པོ
63b4 བུའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ།།དེའི་དབུས་སུ་ཡི་གེ་བ་མགོ་ཐུར་དུ་གནས་པ་ལས་བདུད་རྩི་འཛག་པར་བྱསམ་སྟེ།འདི་ནི་ལེགས་པར་རྣམ་པར་བསམས་ནས་རླུང
63b5 གིས་མེ་རབ་ཏུ་སྦར་ཏེ།མེ་དེས་དབང་ཆེན་གྱི་དཀྱིལ་འཁོར་བསྲེགས་པར་རྣམ་པར་བསམ།དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲོད་ཀྱི་བདུད་རྩིའི་དཀྱིལ་འཁོར་དེ་ཞུ་བར་བསམ་པར་བྱའོ།།
63b6 འདིའི་སྦྱོར་བ་ཙམ་གྱིས་ནི།།དེ་ཡི་བུད་མེད་ཞུ་འགྱུར་ཏེ།།འོ་མ་ཡི་ནི་ཤིང་བཞིན་དུ།།ཞུ་བར་བྱེད་པར་ཐེ་ཚོམ་མེད།།དེ་ནས་རྒྱལ་པོ་འམ་རྒྱལ་པོའི་བློན་པ་དབང་དུ་བྱ་བ
63b7 འདོད་ན་སྔགས་པ་མ་ཧེའི་གདོང་ཅན་གྱིས་རྣལ་འབྱོར་ལ་རབ་ཏུ་གནས་ལ།དེ་ཉིད་མདོག་དམར་པོར་བསམས་ཏེ།བསྒྲུབ་བྱ་གང་དུ་གནས་པ་དེའི་སྟེང་དུ་གནས་ལ།ཕྱི་ནས་རངག
iiif viewer powered by OpenSeadragon
63a - 64a