e-texts navigator
Collection
Volume
Page
Wylie

63a1 པར་བྱེད་པར་འདོད་ན་ཡི་གེ་ཡཽ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར།།དེའི་སྟེང་དུ་ས་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར།དེའི་སྟེང་དུ་གཤིན་རྗེའི་གཟུགས་ལྷ།
63a2 ཀྱུ་དང་ཞགས་པ་ལག་ཏུ་ཐོགས་པ་རྣམ་པར་བསམ་མོ།།མ་ཧཻའི་གདོང་བའི་རྣལ་འབྱོར་ལ་གནས་པས་དེ་ལ་བཀའ་བསྒོ།།གཤིན་རྗེ་སོང་ལ་ཡུལ་ཆེ་གེ་མོ་ནས་བུ་མོ་ཆེ
63a3 གེ་མོ་མྱུར་བར་ཁུག་ཅིག།དེ་སྐད་བསྐུལ་བས་ཡི་གི་རྣམ་པར་བསྐྱོད་དེ་སོང་བར་རྣམ་པར་བསམ་པར་བྱའོ།།བསམ་གཏན་འདིའི་རབ་ཏུ་སྦྱོར་བ་ལ་གནས་པའི་སྔགས
63a4 པས་ཁམས་གསུམ་དུ་གཏོགས་པའི་བུད་མེད་བཀུག་ལ་རོལ་བར་བྱའོ།།ཇི་ལྟར་བསམ་གཏན་བརྟན་པར་གྱུར་ན་འདིའི་རབ་ཏུ་སྦྱོར་བ་དེ་དག་བྱའི་གཞན་གྱིས་མི་བྱའོ།།
63a5 དེ་ནས་སྦྲུལ་གྱིས་ཟིན་པ་བླང་བའི་རབ་ཏུ་བྱེད་པ་གསུངས་ཏེ།རང་གི་སྙིང་ཀར་པདྨ་དཀར་པོ་མདབ་མ་བརྒྱད་པ་རྣམ་པར་བས་མ་མོ།།དེའི་སྟོང་དུ་དབྱངས་ཡིག་གསུམ་པ
63a6 མདབ་མེ་བརྒྱད་པ་རྣམ་པར་བྱསམ་མོ།།དེ་ཡིས་ནི་འོག་གི་ཀླུའི་གཟུགས་རྣམ་པར་བསམ་པར་བྱ་སྟེ།དེའི་སྤྱི་བོར་ཡི་གེ་ཨི་ཁ་དོག་དཀར་པོ་ལས་བདུད་རྩི་འཇིག་པ
63a7 བསམ་པར་བྱའོ།།ཀླུ་དེའི་མིག་རྣམས་ནས་བདུད་རྩི་འཕྲོས་ནས་བསྒྲུབ་བྱ་དེའི་ལུས་ལ་ཐིམ་པར་བསམ་པར་བྱ་སྟེ།བསམ་གཏན་འདིའི་སྦྱོར་བས་ཁམས་གསུམ




iiif viewer powered by OpenSeadragon

62b - 63b

Texts on this page

N425 - dpal rdo rje 'jigs byed kyi chen po'i rgyud ces bya ba