| | e-texts navigator
|
62a1 བདུན་གྱིས་འཆིན་ཕྲ་མྱོ་སྲོག་ཆུ་གུས་གཞན་ལྟ་ཅི་སྨོས།དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང་ནི་མ་ཧེའི་གདོང་པའི་སྦྱོར་བ་གསུང་བ
62a2 གནས་ཏེ་ལས་ཐམས་ཅད་བསྒྲུབ་པར་བྱའོ།།མེའི་དཀྱིལ་འཁོར་གྱིས་དབུས་སུ་བསྒྲུབ་བྱ་ངུ་བར་བསམས་ལ།དེའི་མདུན་དུ་སྲིན་པོ་མང་པོ་བསམ་པར་བྱ་སྟེ།སྲིན་པོ་དེ
62a3 ངག་ཐ་དད་པའི་ལུས་ཅན་མ་རུངས་པ།ཤིན་ཏུ་གཏུམ་པར་ཤ་ཟ་བ་དང་།ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ།།གཞན་ཡང་རྣམ་པ་སྣ་ཚོགས་པའི་བྱ་རྣམས
62a4 ཏེ།བྱ་རྒད་དང་།བྱ་རོག་དང་།འུག་པ་དང་།ཝཾ་རྣམས་དང་།ཁྱི་རྣམས་ཀྱིས་ཤ་ཟ་བ་དང་།ཁྲག་འཐུང་པོར་རྣམ་པར་བསམ་པར་བྱ་སྟེ།བསམ་གཏན་འདིའི
62a5 རབ་ཏུ་སྦྱོར་བས་ཐེ་ཚོམོ་མེད་པར་འཆིའོ།།དཔག་ཚད་བརྒྱན་གནས་པའི་སྐྱེས་བུ་ཡང་སེམས་ཀྱིས་བཟུང་བས་བསམ་གཏན་བརྩ་མོ།།སྔགས་པས་བསམ་གཏན་བརྟན
62a6 པར་བྱའོ།།དེ་ནས་འབྲལ་བར་འདོད་ན་མ་ཧེའི་སྙིང་ཀར་བསྒྲུབ་བྱ་བསམ་པར་བྱ་སྟེ།བསྒྲུབ་བྱ་གཞན་རྟའི་སྙིང་ཀར་རྣམ་པར་བསམ་པར་བྱའོ།།རྟ་དང་མ་ཧེ་གཉིས
62a7 ཕན་ཚུན་འཐབ་པར་བྱེད་པར་བསམ་སྟེ།ཇི་སྲིད་དུ་རྟ་དང་མཽ་ཧ་གཉིས་སྐྱེ་བར་མ་གྱུར་གྱི་བར་དུའོ།།ཕྱི་ནས་བསྒྲུབ་བྱ་དེ་གཉིས་རབ་ཏུ་མི་མཛའ་བར་བསམ་པར་བྱ་སྟེ།
iiif viewer powered by OpenSeadragon
61b - 62b