| | e-texts navigator
|
61b1 གཞན་དང་ལྷན་ཅིག་ཏུ་མི་བྱ།།གལ་ཏེ་སྔགས་པས་ལྔས་བྱ་འདོད།།དེ་དག་ཅིག་པུ་ཞིག་གིས་བྱ།།སྔགས་པ་དེ་ཡིས་ལས་ཀུན་བྱེད།།འདི་ནི་འཇམ་དཔལ་འཇམ་པའི་མཆོག
61b2 རྡོ་རྗེ་འཇིག་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས་སྦྱིན་སྲེག་གི་ལོས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པོའོ།།།།དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བུ་ཡང་དག་པར
61b3 གསུངས་ཏེ།བསམ་གཽཏན་དང་སྔགས་ཀྱི་རབ་ཏུ་སྦྱོར་བ་ལས་དགོས་པ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ།དེའི་ཆོ་གའི་དང་པོར་རེ་ཤིག་རྣལ་འབྱོར་པ་མ་ཧེའི་གདོང་པའི་སྦྱོར་བ
61b4 ལ་གནས་པའི་སྔོན་དུ་སྦྱང་བ་བྱས་པས་ལས་ཐམས་ཅད་བྱའོ།།རེ་ཕ་ལས་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་འབར་བར་རྣམ་པར་བསམས་ལ།
61b5 སྟེང་དུ་བསྒྲུབ་བྱ་གེ་ཙི་རེ་བུ་སྐྲ་ཤིག་པ།བྲེད་པར་གྱུར་པ་བདག་གི་མདུན་དུ་རྣམ་པར་བྱས་མོ།།དེ་ནས་རང་གི་ལུས་ལས་ཁྲོ་བོའི་གཟུགས་མང་པོ་རྣམ་པར་སྨོས་ཏེ།ཁྲོ་བོ
61b6 དེ་རྣམས་ཀྱིས་རོལ་གྲིས་བཏབ་ཅིང་ཁྲག་འཐུངས་པར་བསམ་པར་བྱའོ།།བསྒྲུབ་བྱ་དེའི་ཤ་ཟ་བ་དང་།རྒྱུ་མ་དྲངས་པར་བསམ་པར་བྱའོ།།འདི་སྐད་སྨྲ་བར་བྱ་སྟེ།དཀོན
61b7 མཆོག་གསུམ་ལ་གནོད་པ་བྱེད་པ་དང་།བླ་མ་ལ་བསྐུར་པ་འདེབས་པ་ལ་རྒྱོབ་ཤིག་རྒྱོབ་ཤིག།སོང་ཤིག་སོང་ཤིག་བསམས་པ་ཙམ་གྱིས་རྡོ་རྗེ་འཛིན་པོ་ཡང་ཞག
iiif viewer powered by OpenSeadragon
61a - 62a