| | e-texts navigator
|
61a1 འབྲས་ཀྱི་ཕུབ་མ་དང་ལྷན་ཅིག་ཏུ་དྷཱ་དྷཱ་རའཾ་ཤིང་ལ་མོ་རབ་ཏུ་སྦྱར་ནུས།ཡོ་ག་བཅུ་པའི་སྔགས་གང་གི་མྱིང་དང་བཅས་པར་ནཱ་མྲ་ཕྱུད་ན་སྦྱིན་སྲེག་བྱས་ན།
61a2 བདུན་གྱིས་སྐྲོད་པར་འགྱུར།།དེ་ནས་དབང་དུ་བྱེ་བར་འདོད་ན་སྲེང་ལྡེང་གི་མེ་ལཱ་ཏི་ལཱ་དང་།འབྲས་དང་།བུད་མེད་ཀྱི་མེ་ཏོག་དང་ལྷན་ཅིག་ཏུ་རྡོ་རྗེའི་ཆུ་དང་བསྲེས་ཏེ།རྣ
61a3 གྱི་གཟུགས་དམར་པོ་དམིགས་ནས་ཁ་ནུབ་ཏུ་བལྟས་ཏེ།ཡི་གེ་བཅུ་པ་གང་གི་མིང་དང་བཅས་པར་སྔགས་པས་བསྲེགས་ན།ཉི་མ་བདུན་གྱིས་དབང་དུ་འདུས་ཏེ།དེ་ཇི
61a4 སྲེསྲིད་འཚེ་བའི་བྱར་དུ་མི་འདྲའོ།།དེ་ནས་འགུགས་པར་འདོད་ན་བདུད་རྩི་མར་དང་བཅས་པར་སེང་ལྡེང་གི་མེ་ལ་གང་གི་མིང་དང་བཅས་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནི་དེ
61a5 སྐད་ཅིག་གིས་འོང་བར་འགྱུར།།ལས་འདི་རྣམས་ནི་སྔོན་དུ་བསྙེན་པ་བྱས་པའི་སྔགས་པས་བྱའོ།།གཞན་པས་བྱས་ན་སྔགས་པ་འཇིག་རྟེན་པས་དཔྱས་པར་འགྱུརརོ།།ཇི
61a6 ལྟར་བྱེ་བྲག་མི་བྱ་སྟེ།གླེང་ལ་ཡང་བྱེ་བྲག་སྦྱིན་པར་མི་བྱའི།།བྱེ་བྲག་ཕྱེ་ནས་སྔགས་པས་དངོས་གྲུབ་མི་འགྲུབ་པ།དེས་རྒྱུད་གཞན་ལུས་ཀྱང་བཤད།ཇི་ལྟར་བྱེ
61a7 བྲག་མ་སྐྱེས་པོ།།དེ་བཞིན་བྱ་བའི་བྱེ་བྲག་སྨྲོས།།རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ།།གང་གི་མདུན་དུའང་སྔགས་པ་ཡིས།།དེ་ཕྱིར་ལས་རྣམས་མཐོང་མི་བྱ།།
iiif viewer powered by OpenSeadragon
60b - 61b