e-texts navigator
Collection
Volume
Page
Wylie

60a1 ཤོང་ལ་མོ་རབ་ཏུ་སྦར་ན་ཞི་བར་འདོད་པར་དམིགས་ནས་ཡུལ་གྱི་ཤར་ཕྱོགས་སུ་ཁ་བལྟས་ཏེ་གནས་པས་དུས་གསུམ་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ངས
60a2 ཡུལ་ཞི་བར་བྱས་པར་འགྱུརརོ།།དེ་ནས་རྒྱས་པར་འདོད་ན་ཏིལ་དང་།འབྲས་དང་།ནོས་དང་།མར་དང་བཅས་པས་ཨུ་དུམ་པ་རེའི་ཞེང་ལ་མེ་རབ་ཏུ་སྦྱར་ན་ལས་ཀྱི་རྗེས་སུ
60a3 དང་བཱི་ལྷའི་སྦྱོར་བ་དམིགས་ཏེ།ཁ་བྱང་དུ་བལྟས་ནས་མཉམ་པས་ཡི་གེ་བཅུ་པའི་སྔགས་ཀྱིས་དུས་གསུམ་དུ་སྦྱིན་སྲེག་སྟོང་བྱས་ན་རྒྱས་པར་འགྱུར་རོ།།དེ་ནས་དགུག
60a4 པར་འདོད་ན་སྐེ་ཚེ་གཟུགས་བརྙན་བྱས་ལ་དེ་ནས་སེང་ལྡེང་གི་མེའི་དབུས་སུ་གཤིན་རྗེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྲེགས་ན་མ་གྲུབ་པ་ཡང་འགྲུབ་པར་འགྱུརརོ།།ཉེམ
60a5 བདུན་གྱིས་གང་འདོད་པ་ཐེ་ཚོམ་མེད་པར་འགུག་སོ།།དེ་ནས་སྐྱོ་བར་བྱ་བར་འདོད་ན།བྱེ་རྒོད་ཆེན་པོའི་ཚང་དང་།ཤ་ཆེན་བསྲེགས་ན་སྐྱོ་བར་འགྱུརརོ།།དེ་ཕུབ་མ
60a6 མེ་ལ་བསྲེགས་ན་བདེ་ལེག་སུ་འགྱུརརོ།།དེ་ནས་ནོར་ནོར་མ་ཡིན་པར་བྱ་བར་འདོད་ན།རྀས་བལ་གྱི་མེ་ལུ་དྷྱ་དུ་རའི་འབྲས་བུ་དང་བཅས་པར་མཚན་མོ་ཡི་གེ་བཅུ་པའི
60a7 སྔགས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཤིན་ཏུ་ཆུད་ཟོས་པར་འགྱུར།། རུ་ར་བསྲེགས་ན་སླར་རྫས་དེ་ཉིད་དུ་འགྱུརརོ།།རྗེ་བཙུན་གྱི་མདུན་དུ་ཤ་ཆེན་ཆང་དང་བཅས




iiif viewer powered by OpenSeadragon

59b - 60b

Texts on this page

N425 - dpal rdo rje 'jigs byed kyi chen po'i rgyud ces bya ba