| | e-texts navigator
|
59b1 རླུང་གི་དཀྱིལ་འཁོར་གྱི་དབུས་སུ།དུར་ཁྲོད་ཀྱི་ཤིང་ལ་མུ་རབ་ཏུ་སྦར་ལ།གཅེར་བུ་སྐྲ་བཤིག་པུར་བསྒྱུར་ནས།ཁ་ལྷོ་ཕྱོགསུ་བལྟས་ཏེ།གཤིན་རྗེའི་སྔགས་ཀྱིས་ཚེ
59b2 གེ་མོའི་མིང་དང་བཅས་པར་ལག་པ་གཡོན་པས་སྦྱིན་སྲེག་སྟོང་བྱས་ན།སྐྲོད་པ་ལས་གཞན་དུ་མ་ཡིནོ།།དེ་ནས་རངས་པར་འདོད་ན།བླ་བློ་དང་།ཡུང་བ་དང་།ལྡོང་རོས
59b3 དང་།གྲི་ཝང་དང་བཅས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་ཁ་བྱང་དུ་བལྟས་ཏེ་ལས་ཀྱི་རྗེ་སུ་འབྲང་བའི་སྦྱོར་བ་དམིགས་ནས།གང་གི་མིང་དང་བཅོས་པར་སྦྱིན་སྲེག་བྱས
59b4 ན།།དེ་ཉི་མ་བདུན་གྱིས་རེངས་པར་འགྱུརརོ།།དེ་ནས་གྲོང་བསྐྲད་འདོད་ན།ནོམ་པའི་ཤིང་ལ་མེ་རབ་ཏུ་སྦྱར་ལ།ཁྱིའི་ཤ་དང་།སྦལ་པའི་ཤ་དང་།ཁྱིམ་བྱའི་ཤཾ་དང་།
59b5 རྔ་མོའི་རྟུག་པ་དང་།བྱི་ལའི་ཁྲག་ཅིག་ཏུ་སྦྲུས་ལ།གཤིན་རྗེའི་སྦྱོར་བ་ལ་གནས་པས།གྲོང་གི་མིང་དང་བཙོས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར
59b6 གྱི་དབུས་སུ་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ནི་གྲོང་སྐྲོད་པར་འགྱུར།།ལས་དེ་རྣམས་ནི་ཤིན་ཏུ་ཡང་མཉམ་པར་གཞག་པས་བྱ་སྟེ།གཞན་དུ་ན་སྔགས་པ་རང་ཉིད་ལྔ
59b7 འབབ་པར་འགྱུ་རོ།།གཞན་གང་ལ་ཡང་མི་བསྟན་ནོ།།དེ་ནས་ཞི་བར་བྱ་བར་འདོད་ན་མར་དང་།སྦྲང་རྩི་དང་།འོ་མ་དང་།དུར་བ་དང་།བཅས་པར།པ་ལ་ཤའི
iiif viewer powered by OpenSeadragon
59a - 60a