| | e-texts navigator
|
59a1 །པ་ཡིས་ལས་ཐམས་ཅད་བྱའོ།།དེ་ལ་ལྔས་ནི་འདི་རྣམས་ཡིན།།གལ་ཏེ་བསད་པར་འདོད་ན་དུར་མིའི་རུས་པ་དང་།རྣམ་པར་སྣང་མཛད་དང་།བོང་བུའི་སྤངས་དང་།།
59a2 ཁྱིའི་སྤངས།།ཚར་མ་དང་།སྒྲ་དང་།སྔོན་མོ་དང་།དེ་དག་ཐམས་ཅད་ཆེ་བའི་མར་ཁུས་སྦྲུས་ལ།མི་ཧེའི་ཞལ་གྱི་སྦྱོར་བས་ཤིན་ཏུ་མཉམ་པར་གཞག་ལ།ཁ་སྦྱོར
59a3 བལྟས་ཏེ་རོ་བསྲེག་པའི་མི་ལྔ།གང་གི་མིང་དང་བཅས་པར་བརྒྱ་རྩ་བརྒྱད་བསྲེགས་ན་ཐེ་ཚོམ་མེད་པར་དེ་ཞག་གསུམ་གྱིས་འཆིའོ།།ཡང་ན་ཕྱོགས་གཅིག་ཏུ་གནས་ལ་མེ
59a4 ཐབ་གྲུ་གསུམ་བྱས་ནས།དེར་སྔོན་དུ་གསུངས་པའི་རྫས་ཀྱིས་གཏུམ་པོའི་མེ་ལ་སྦྱིན་སྲེག་བྱ་སྟེ།སྦྱོར་བ་དེས་ནཱི་ལས་དེ་ཉིད་འགྲུབ་པོ།།དེ་ནས་དཔྲལ་བར་འདོད་ན་བྱ་རོག
59a5 དྲང་།འུག་པོ་དང་།རྨ་བྱ་དང་།སྦྲུལ་དང་།སྒྲ་དང་།འབྲས་ཕུབ་དང་།མཱ་ཧཽ་དང་།རྟིའི་ཤཱ་དྭང་།ལྷན་ཅིག་ཏུ་གང་གྲི་མིང་དང་བཅས་པར་ཡོ་གེ་བཅུ་པའི་སྔགས
59a6 ཀྱིས་དུར་ཁྲོད་ཀྱི་མེ་ལ་བེསྲེགས་ན་དེས་འབྲལ་བར་འགྱུརརོ།།ཡང་ན་དུར་ཁྲོད་ཀྱི་ཤིང་ལཱ་གཏུམ་པོའི་མེ་རབ་ཏུ་སྦར་ལ།ཁྱིམ་དུ་གནས་ཏེ།གོང་གི་རྫས་དེ་བེསྲེགས་ན
59a7 རྡོ་རྗེ་འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འདྲའོ།།དེ་ནས་བསྐྲད་པརའི་འདོད་ན་བྱ་རོག་གི་ཤཾ་དང་།རྔ་མོའི་རྟུག་པ་དང་།ལྷན་ཅིག་ཏུ་ཆང་དང་ཡང་དགེ་བར་ལྡན་པ
iiif viewer powered by OpenSeadragon
58b - 59b