| | e-texts navigator
|
51a1 བཱ་གསུངས་པ་ནི་དུར་ཁྲོད་ཀྱི་རས་སུམ།གྲྀ་གའི་ལཱ་མ་ལ་རང་གི་དཀྱིལ་འཁོར་བྱ་རོག་གི་ཁྲག་དང་བྱཱ་རོག་གི་སྨྱུ་གུས་བྲི་བར་བྱ་སྟེ།།རླུང་ག་དཀྱིལ་འཁར་གྱི
51a2 དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་ཏེ་ག་ཏོར་མ་ཟ་བའི་མིགྲིན་པར་བཅིངས་ལ།བྱ་རོག་གཟུང་ནས་མ་ཧེའི་གདོང་པོའི་སྦྱོར་བ་ར་གནས་པས་ཁཾ་ལྷོར་བལྟོས་ལ་འཕང་སྟེ།དེའི
51a3 སྐད་ཅིག་གིས་བྱ་རོག་བཞིན་ས་ཀུན་ཏུ་འཁོར་རོ།།གཞན་ཡང་བསྐྲད་པ་ནི་ཆེ་བའི་མར་ཁུས་བསྐུས་ལ་ནིམ་པའི་ཤིང་ལས་གཏོར་མ་ཟ་བའི་ཚད་བླངས་ལ།ཚང་དེའི་ཤིང་པའི
51a4 ནགས་ཀྱི་ཤིང་མས་བསྲེགས་པའི་ཐལ་བ་དེ་བླངས་ལ་གང་གི་མགོར་བླུགས་པ་དེ་སྐྲོད་པར་འགྱུར་རོ།།གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི།བྱ་རོག་དང་འུག་པའི་བཤོག
51a5 པ་དང་།བྲམ་ཟེ་དང་།གཏུམ་པ་རྣམས་ཀྱི་སྐུ་གཅིག་ཏུ་བྱས་ལ།ད་དུ་རའི་ཤིང་ལ་མེ་རབ་ཏུ་སྦྱར་ཏེ།དུ་བ་མེད་པའི་མོས་བསྲེགས་ལོ།དེའི་ཐལ་བ་བླངས་ལ་ཡི་གེ་བཅུ་པའི
51a6 སྔགས་བཟླས་ནས་བུད་མེད་དང་སྐྱེས་པ་གཉིས་ཀྱི་བར་དུ་ཐལ་བ་བཞག་ན།དེ་སྐད་གཅིག་གིས་འབྱེད་པར་བྱེད།།དེ་ནས་དུར་ཁྲོད་ཀྱི་རས་བླངས་ལ་དུག་ལ་སོགས་པའི་རྫས
51a7 ཀྱིས་བྲན་པའི་བར་དུ་བསྒྲུབ་བྱའི་མིང་བྲིས་ལ་ཟེར་མོ་དང་།སྦྲུལ་གྱི་སྤུ་དང་།ལྤགས་པ་བླངས་ཏེ།དེ་ལོ་བཅུག་ནས་སྡོང་བུ་བྱས་ཏེ།གང་གི་ཁྱིམ་དུ་སྦར་བ་དེར་ཕན
iiif viewer powered by OpenSeadragon
50b - 51b