| | e-texts navigator
|
49b1 དང་།རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་རསྣ་ལ་བྱུགས་ཏེ།།དེ་ལ་སྔོན་དུ་གསུངས་པའི་ཚོགས་འཁོར་ལོ་བྲིས་ཏེ།དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར།།ཤིང་གཅིག་གི
49b2 དྲུང་དུ་སྦས་ན་བསྐྲད་པར་འགྱུར་རོ།།མཚན་མ་གཅིག་པར་སྦས་ན་དབྱེ་བར་འགྱུར་རོ།།ཆུའི་ནང་དུ་སྦས་ན་རེངས་པར་འགྱུརརོ།།ཁྱིམ་དུ་བཞག་ན་ཞི་བར་འགྱུརརོ།།བྱུང་ནས་ལྡེགས
49b3 པར་བཀྲུས་ན་གྲོལ་བར་འགྱུར་རོ།།གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ག་ཤི་ན་རྗེའི་འཁོར་ལོ་སྔོན་གྱི་ཆགས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ།དུར་ཁྲོད་དམ།ལམ་བཞི་མདོ་དང་།།ཤིང་།
49b4 གཅིག་དང་།གྲོག་མཁར་དང་།ཆུ་འགྲམ་དང་།མཚན་མ་གཅིག་པ་དང་།རྒྱལ་པོའི་སྒོ་དང་།རྣམ་པར་སྣང་མཛད་དང་།རྡོ་རྗེ་ཆུ་དང་།དུར་ཁྲོད་ཀྱི་སོལ་བས་བསྒྲུབ
49b5 བྱའི་གཟུགས་བརྙན་ཆད་སོར་བརྒྱད་པ་བྱས་ལེ་དེའི་སྙིང་ཁར་འཁོར་ལོའི་སྔགས་བཅུག་སྟེ།མིའི་རུས་པའི་ཕུར་བུས་གནས་ལྔར་གདབ་པར་བྱའོ།།ཚིགས་ཐུམས་ཅད་ལ
49b6 ཚེར་མ་རྣོན་པོས་དགང་བར་བྱའོ།།དེ་ཐོད་པ་གཉིས་ཀྱི་དབུས་སུ་བཅུག་སྟེ།དེ་གྲག་མཁར་དང་གནས་བདུན་གྱི་སས་གཤིན་རྗེའི་འཁོར་ཁ~ཾ་གང་ཙམ་ཞལ་གཙིགས་པ།
49b7 གསུས་པ་ཆེ་བ།ཞལ་གཅིག་པ།ཕྱག་གཉིས་པ།ཕྱག་ན་རལ་གྲི་དང་།ཞགས་པ་འཛིན་པ།གི་ཙེར་བུ་སྐྲ་བསིལ་བ་བྱས་ལ།དེའི་སྙིང་ཁར་ཐོད་པ་གཉིས་བཅུག་སྟེ
iiif viewer powered by OpenSeadragon
49a - 50a