| | e-texts navigator
|
48b1 ཚོད་འབྱུང་།།བར་ཆུད་བྱུང་ན་དངོས་གྲུབ་མི་འགྲུག།དེ་བས་ནཱ་སྔགས་པས་འཇིགས་པར་མི་བྱ་སྟེ།།རྣལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེསོ།།དགྱེས་ནས་ཁྱོད་ཅི་འདོད་ཅེས
48b2 གསུངས་པ་དང་།དེ་ལ་རིག་འཛིན་གྱིས་སྨྲ་བར་བྱ་སྟེ།།རལ་གྲི་དང་།སྔ་འོག་དང་།མིགོ་སྨན་དང་།གསེར་འགྱུར་དང་།བཅུད་ཀྱིས་ལེན་པའམ།།ང་ལས་གཞན་ཡང
48b3 ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་སྩོལ་ཅིག་ཅེས་བརྗོད་ན།དེ་ལ་ཐི་ཙམ་མེད་པར་སྩོལོ།།བརྒྱ་ཞིག་ལ་སྔགས་པས་དེ་དག་མ་གྲུབ་ན་ཡང་དེའི་ཕྲ་མོའི་ལས་ཐང
48b4 ངེས་པར་འགྲུབ་བོ།།འདི་ནི་འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་སྦྱོར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པོ་སྟེ་རྟོག་པ་དང་པོའོ།།
48b5 དེནས་ལས་ཀྱི་ཚོགས་ཀྱི་ཆོ་ག་རབ་ཏུ་བཤེད་རིམ་པ་ཇི་ལྟ་བ་བཞིན་དུ།བསད་པ་དང་བསྐྲད་པ་ལ་སོགས་པ་སྔགས་པ་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ
48b6 གནས་པའི་རྣལ་འབྱོར་གྱིས་བྱ་སྟེ།དང་པོ་ཁོ་ནར་སྔགས་པས་རེ་ཤིག་གནོད་མཛེས་སུ་བྱ་སྟེ།དེ་ཅིའི་ཕྱིར་ཞེ་ན།རྣལ་འབྱོར་གཙོ་བོ་ཡིན་པའི་ཕྱིར་རོ།།རྣལ་འབྱོར་ཕྱི
48b7 རྒྱུད་ལ་ལྷའི་སྦྱོར་བ་དང་ལྡན་པས་ཐོག་མར་ནི་དེ་བྱ་སྟེ།དེ་ལ་འདིའི་ལས་ནི་ཇི་ལྟར་བསད་པར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ།དུག་དང་།ཁྲག་དང་།ལན་ཚོད
iiif viewer powered by OpenSeadragon
48a - 49a