| | e-texts navigator
|
9a1 སྒྲུབ་པོ་དག་ནི་བསྐྲུན་ལྡན་པས།།རྨི་བལྟས་རིམ་པ་གསལ་བ་ཡིས།།ནད་པ་དག་ལ་ཉུང་སྔགས།།བཅོམ་ལྡན་མགོན་པོ་ཞལ་གསུམ་དམར།།ཕྱག་དྲུག
9a2 རྡོརྗེ་བསྡིགས་པ་གཡོན།།དྲག་པོའི་ཟིལ་མོས་འཇིགས་པར་བྱེད།།ཐ་མ་སྦྲུལ་གདུག་རི་རབ་མནན།།འཁོར་དུ་གནོད་སྦྱིན་ཆེན་པོ་སྟེ།ཤ་ཟ་རབ་འཇིགས་རལ་བཙོན།
9a3 གདོང་སེར་སེར་གདོང་གནོད་སྦྱིན་མོ།།བོང་བུའི་རྣ་བ་རྣ་བ་འཕྱང་།རལ་པ་གྱེན་འགྲེང་རལ་གྲི་སོ།།གནོད་སྦྱིན་འཁོར་དེ་ལྔ་བརྒྱ་བཅས།ཡཀྵ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ།ཡཀྵ་ཀྲོ་དྷ་ས་དྷ་ནཱ་ཡ
9a4 ཧཱུཾཧཱི་ཕཊ།ཡཀྵ་ནཱི་ལཾ་བཱ་སྱ་ནཱ་ཡི་ཧཱུཾ་ཕཊ།ཡཀྵ་པྲ་ཏི་ཧ་ཏ་བ་ལཱཾ་ཡ་ཧཱུཾ་ཕཊ།ཡཀྵ་པ་རཱ་ཀྲ་མཱ་ཡ་ཕཊ།ཡཀྵ་ཀྲྀ་ཏཱ་ན་ཏ་རཱུ་པཱ་ཡ་ཕཊ།ཡཀྵ་རེ་ཥ་ཎཱི་ཡ་ཕཊ།ཅེས་བརྗོད་དེ་ཚུ་ལ་སྔག
9a5 ཤིང་གཏོར་ནི་གནོད་སྦྱིན་གྱི་གདོན་ལས་ཐུརོ།།མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང་།།ཚོན་སྣ་ལྔ་དང་ལྡན་པ་ཡིས།།མཆོད་པ་ལྔ་དང་ལྡན་པས་མཆོད།སྒྲུབ་པོ་དག་ནི་བསྙེན།།
9a6 ལྡན་པས།།རྨི་ལྟས་རིམ་པ་གསལ་བ་ཡི།།ནད་པ་དག་ལ་ཆེན་སྣས་བཅིང་།།བཅོམ་ལྡན་མགོན་པོ་ཞལ་གསུམ་ལྡན།།ཕྱག་དྲུག་རྡོ་རྗེ་བསྡིགས་པ་གཡོན།།དྲག་པོ་ཐེལ
9a7 མོས་འཇིགས་པར་བྱེད།།ཐ་མ་སྦྲུལ་གདུག་རི་རབ་མནན།།མཁས་ལ་རྫུ་འཕྲུལ་དང་ལྡན་བདུད།།དགའ་རབ་དབང་ཕྱུག་ཐོད་ཕྲེང་ཅན།།བུན་སྣ་སེན་དགུ་ཤ་ཟ་བདུད།།
iiif viewer powered by OpenSeadragon
8b - 9b