e-texts navigator
Collection
Volume
Page
Wylie

97b1 དང་།གཞན་ཡང་གང་དག་འཁོར་དུ་འདུས་པ་དེ་དག་ཐམས་ཅད་ཀྱིས་ཆོས་ཀྱི་འབྲེལ་བའི་གཏམ་མཉན་པར་བརྩམ་སོ།།དེ་ལ་རེ་ཤིག་དང་པོ་དངོས་གྲུབ་ནི་སློབ་དཔོན་ཆོས་ཀྱི་རྗེསུ་འབྱུང་བ་ཡིན
97b2 པས།སློབ་དཔོན་མེད་པར་གྱུར་ན་ནི།།དངོས་གྲུབ་ཐོབ་པར་མི་འགྱུར་བས།།སློབ་དཔོན་མཚན་ཉིད་བཤད་པར་བྱ།།ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག།བསྟན་ཞིང་དུལ་ལ་བླ་གྲོས་ལྡན།།
97b3 བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད།།གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས།།དཀྱིལ་འཁོར་བྲི་བའི་ལས་བྱའོ།།དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་།།སེཾན་ཀུན་ལ་མི་འཇིགས་སྦྱིན།།ཐོག
97b4 པ་ཆེན་ལ་རྟག་དགའ་བ།།དེ་ནི་སློབ་དཔོན་ཡིན་པར་གསུངསོ།།ཕྱི་རོལ་བསྟན་བཅོས་ཡོངས་ཤེས་ཤིང་།།ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་།།གསང་བ་དེ་ཉིད་བསྡུ་བ་དང་།།ཐེག་པ།།
97b5 ཆེན་པོ་མི་ཤེས་པ།།སྙིང་རྗེ་ཡོད་པ་མ་ཡིན་དང་།དད་མེད་བརྩོན་གྲོས་མི་ལྡན་ལ།།རྟག་ཏུ་ངན་པའི་ཚུལ་སྤྱོད་དང་།།བསྟན་བཅོས་རྣམས་ལ་སྨོད་པ་མིན།།གོང་དུ་བསྟན་པའི་མཚན
97b6 ཉིད་དང་།།ལྡན་ན་སློང་དཔན་ཡིན་པར་བཟུང་།།དེ་སྲིད་ཀྱིར་བྲིབད།།དེ་ཉིད་ཀྱིས་ནི་རྒྱུ་དེ་རྣམས་བརྟན།།དེ་ཡིས་བསྟན་པའི་གསང་སྔགས་དག།འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།།དགེ་དང་སྡོམ་ལ
97b7 དགའ་བ་དང་།།རྟག་ཏུ་བླ་མ་ལ་གུས་དང་།།རྒྱུན་ཏུ་ལྷ་རྣམས་མཆིད་བྱེད་པའི།།སྦྱིན་ལྡན་ནི་སློབ་མ་ཡིན།།སློབ་དབེན་ཅི་འདྲ་བ་ལྟ་ཞེས་ནི།།བླ་མ་སངས་རྒྱས་ཀུན་དང་མེཏེ།།དེ་ཉིད




iiif viewer powered by OpenSeadragon

97a - 98a

Texts on this page

N422 - rgyud kyi rgyal po chen po sgyu 'phrul dra ba zhes bya ba