| | e-texts navigator
|
97a1 སྩལ་དུ་གསོལ།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་སྐད་དུ་གསོལ་བ་བཏབ་མ་ཕག་ཏུ།བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ
97a2 པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཡེ་ཤེས་རྣམ་པར་བསྒྱིངས་པོ་རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱེ་མའི་ཐབས་བདེ་བ་རྡོ་རྗེའི་ཡེ་ཤེས་སྒྲུབ་པ་རོལ་པས་མཉེས་པར་བྱ་བའི་ཐུབས་དེ་ཁོ་ན་ཉིད་ཐཾད
97a3 ཀྱི་འབྱུང་གནས་སྟང་སྟབས་ཀྱིས་རྣམ་པར་རྒྱལ་བའི་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེས་སྒྲོལ་བ་རོལ་པས་བཞད་ཅིང་བསྒྱིངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས
97a4 པར་ཞུགས་ནས།སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དམ་ཚིག་དང་།དཀྱིལ་འཁོར་དང་།རི་མོའི་གཟུགས་དང་།སྒོམ་པ་དང་།བཟླས་བརྗོད་དང་།སྟང་སྟབས་དང་།སྦྱོར་བ་དགོད་པ་དང་།
97a5 ཏིངངེ་འཛིན་དང་།དབབ་པ་དང་།བསྐྲད་པ་དང་།དབྲོག་པ་དང་།དགུག་པ་དང་།བཅིང་བ་དང་།བརྡེག་པ་དང་།བསྡིགས་པ་དང་།ཉམ་ཐག་པར་བྱ་བ་དང་།བཅད་པ་དང་།
97a6 སྲེག་པ་དང་།བསྐང་བ་དང་།བསྐྲུན་པ་དང་།དབང་བསྐུར་བ་དང་།སྦྱིན་པ་དང་།སློབ་དཔོན་དང་།སློབ་མ་བཟུང་བ་དང་།གསང་སྔགས་མང་པོའི་འཇོ་ཚུལ་རྣམས་ངས་བཤད
97a7 པར་བྱའོ།།དེའི་ཕྱིར་ཁྱོད་ཀྱིས་ཀྱང་ཏིང་འཛིན་མཆོག་ལེ་སྙོམས་པར་ཞུགས་ལ་ཉོན་ཅིག།དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐང་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད
iiif viewer powered by OpenSeadragon
96b - 97b