| | e-texts navigator
|
96b1 དང་།ཕོཉྩ་མོ་དང་།ཕྱག་བརྙན་དང་།ཕྱག་བརྙན་མོ་དུ་མའི་འཁོར་གྱིས་སྐོར་ཅིང་འདུན་གྱི་བསྟས་པ།ཏིང་འཛིན་གྱི་ཡེ་ཤེས་ཀྱི་བདེ་བ་དེའི་བདུག་ཉིད་དང་།དམིགས་པ་དང་བྲལ་བ།
96b2 ཐུགས་རྗེ་ཆེན་པོས་མཉིས་གཤིན་པ།སེམས་ཅན་ཐཾད་བསྒྲལ་བ་ལ་བརྩོན་པར་མཛད་པ།ལྷ་དང་ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ན་མཁའ་ལྡིང་དང་།མཱིའུ་མཙྪ་དང་།
96b3 ལྕེ་འཕྱེ་ཆེན་པོ་དང་།མི་དང་།མི་མ་ཡིན་པ་ལ་སོགས་པ་མང་པོས་རྒྱན་པ།བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་བཞུག་སོ།།དེ་ནས་དེའི་ཚེ་བཅྡོཾས
96b4 གྱི་འཁོར་གྱི་ཁྱམས་ཀྱི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདུག་པ་ལ་གཟིགས་ནས་འཛུམ་པ་མཛད།།འཛུམ་པ་མཛད་མ་ཐག་ཏུ་བྱང་ཆུབ་སེམས་དཔའ
96b5 སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་བློ་གས་ཕྲག་པ་ཅིག་ཏུ་གཟར་ནས་འགྱིང་བགོ་ཅན་དུ་བལྟས་ནས་རྡོ་རྗེ་གསོར་ཏེ།དབུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས
96b6 བཅོམ་ལྡན་འདས་ལོ་ཕྱག་འཚལ་ནས་གསོལ་པ།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོངས་པ་མ་མཆིས་པར་འཛུམ་པ་མི་མཛད་ན།བཅོམ་ལྡན་འདས་ཀྱི་དགོངས་པ་གང
96b7 གི་སླ་དུ་གཟིགས་པ་དང་འཛུམ་པ་མཛད།དེ་དེས་ན་བདག་དང་འཁོར་རྣམས་དེ་མཚར་དུ་གྱུར་པ་ལགས་ན།དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་སེང་གེ་ཆེན་པོའི་སྒྲ་དབྱངས་ཀྱིས་བཀའ
iiif viewer powered by OpenSeadragon
96a - 97a