e-texts navigator
Collection
Volume
Page
Wylie

95a1 ན་མོ་ཏོག་ལ་སོགས་པ་མཆོད་པ་ལྔ་བྱའོ།།ཀླུ་མཆོད་པར་འདོད་ན་ཁར་བའི་སྣོད་དུ་འོ་མ་དང་།ཀླུ་སྨན་སྣ་ཚོགས་དང་།རྩི་སྨན་སྣ་ཚོགས་ཀྱིས་བྱའོ།།ནད་དང་དུག་སྲུང
95a2 བར་འདོད་ན་ཚིལ་ཆེན་དང་།གླ་རྩི་དང་།སྐུད་པ་སྔོན་པོ་དང་།རྨ་བྱའི་སྒྲོས་བྱའོ།།ཀླུ་ནག་པོ་ཆེན་པོ་ལ་ནི་ཚིལ་ཚོན་དང་།གླ་རྩི་དང་།ཚོན་སྐུད་སྣ་ལྔ་དང་།སེང་ལྡེང་གི་ཕུར་པས
95a3 བྱའོ།།འབྱུང་པོ་ཐམས་ཅད་ལ་ནི་ཕུར་པ་དང་།ཉུངས་ཀར་གྱིས་བྱའོ།།སྐྱ་རེང་འཆར་ཀའི་གདོན་ལ་ནི་ཕུར་པ་དང་།ཉུངས་ཀར་དང་།ཤུངས་ནག་དང་།སྐེ་ཚེ་དང་།ཐལ་ཆེན་གྱིས
95a4 བྱའོ།།འབྱུང་པོ་ཀུན་ཏུ་རྒྱུ་བ་ལ་ནི་ཕུར་བུ་ལྔ་དང་།ཐོད་པས་བྱའོ།།གཞོན་དག་བསད་པར་འདོད་ན་ཕུར་བ་དང་།གཟུགས་དང་།ཐོད་པས་བྱའོ།།མནན་པར་འདོད་ན་ཐོད་པ
95a5 དོདང་།དུག་དང་།ཉུངས་ཀར་གྱིས་བྱའོ།།ལོ་ཏོག་གཞོམ་པོར་འདོད་ན།ཐོད་པ་དང་།དུག་དང་།ཉུངས་ཀར་དང་།ཚིལ་ཆེན་དང་།ཁྲག་སྣ་ཚོགས་ལ་བྱའོ།།ལོ་ཐོག
95a6 སྲུང་བར་འདོད་ན་ཐལ་ཆེན་དང་།སྐེ་ཚོ་དང་།ཕུར་བུས་བྱའོ།།ཀུན་ཏུ་སྲུང་བ་ཞེས་བྱ་བ་གཞན་གྱི་སྤྱོད་གཏོང་བཟློག་པར་འདོད་ན་མཆོད་རྟེན་དང་།གཟུགས་དང་།ཐོད་པ་དང་།
95a7 ཉུངས་ཀར་དང་།ཕུར་པས་བྱའོ།།ཐམས་ཅད་ཞི་བར་འདོད་ན་ཐབ་ཁུང་རྙིང་པ་ཙན་དོན་ནམ་རྒྱ་ཤུག་ལ་མེ་བཏང་ལ།དཀར་གསུམ་དང་།མངར་གསུམ་དང་།འབྲས་དང་།ཏིལ




iiif viewer powered by OpenSeadragon

94b - 95b

Texts on this page

N421 - rdo rje snying po rdo rje lce 'bar ba zhes bya ba'i gzungs