| | e-texts navigator
|
94a1 པའི་གཟུངས་འདི་བརྗོད་པར་བགྱིས།བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།།ནཱ་མོ་བུདྡྷཱ་ཡ།ཏྲ་མུ་དྲཱ་ཡཀྵ་བཟློག་བྱེར།།དེ་ནས་གཟུངས
94a2 འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཏེ།འཇིག་རྟེན་གྱི་ཁམས་ཐ~ཾདཁ་སྐྱོབ་ཏུ་འགྱེལ་ཏེ།གདོན་དང་ལོག་འདྲེན་ཐམས་ཅད་ཁཾ་སྤུ་ཏུ་འབྱོལ་ཏེ།།ཁྲག་ཏུ་སྡུག
94a3 ཅིང་དབུགས་དང་བྲལ་བར་གྱུར་ཏོ།།དེ་ནས་ཡང་ཀླུ་མཐའ་ཡས་ཀྱིས་འདི་སྐད་ཅེས་བརྗོད།།བཅོམ་ལྡན་འདས་བདག་གིས་སོན་ཐམས་ཅད་ལ་སྲུང་བ།།བསྐྱེབ་པ་དང་།།
94a4 སྠསྦསྒྲ་བུར་བགྱིའོ།།བཅོམ་ལྡན་འདས་ཀྱི་བསྟན་པ་སྲུང་བར་བགྱིའོ།།སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བགྱིའོ།།ཆར་དུས་དབབ་ཅིང་ལོ་ཏོག་ཐད་སྲུང་བར
94a5 བགྱིའོ།།ནད་དང་དགྲ་དང་གདོན་ཐམས་ཅད་གཞོམ་པར་བགྱིའོ།།བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་ལྟར་འགྱིང་པ་ལས་བཟློག་པར་མི་བགྱིདདོ།།བཅོམ་ལྡན
94a6 འདས་ཀྱིས་བཀའ་སྩལ་པ།ལེག་སོ་ལེགས་སོ།།ཀླུའི་རྒྱལ་པོ་མཐའ་ཡས་ཁྱོད་ཀྱིས་ཇི་ལྟར་དམ་བཅས་པ་ལྟར་གྱིས་ཤིག།དམ་ཚིག་རྦྷེ་སུ་བསྲུངས་ཤིག།ཇི་ལྟར་ང
94a7 བཀའ་བཅག་ན་ངན་སོང་དུ་ལྷུང་ང་རེ།ངའི་ཇི་ལྟར་བསྒོ་བ་ཐམས་ཅད་ཀྱིས་ཤིག།དེ་ནས་གསང་བའི་བདག་པོས་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་བཀླགས་པས་འགྲུབ
iiif viewer powered by OpenSeadragon
93b - 94b