e-texts navigator
Collection
Volume
Page
Wylie

7a1 ལ་ཞུབ་བྲི།དམ་ཚིག་དག་ལུས་འདས་ན་ལས་རྣམས་མི་འབྲུག།དགུ་པ་མེད་དོན་མེད་དག་སྟེ་ལུས་རྣམས་མི་འགྲུབ།འབྲས་བུ་གང་དུ་སྐྱེ་ཞེས་ཞུས།རྡོ་རྗེ
7a2 དམྱལ་བའི་ནང་དུ་མི་བཟད་པའི་འབྲས་བུར་འགྱུརརོ།།བཅོམ་ལྡན་འདས་དེའི་ཚེའི་ཚད་ཇི་ཙམ་དུ་སྡུག་བསྔལ་མྱོང་བར་འགྱུར་ཞེས་ཞུས་པས།བྱང་ཆུབ་སེམས་དཔའ་སེམས་དཔ
7a3 ཆེན་པོ་དྲུག་ན་རྡོ་རྗེ་ཁྱོད་ལེག་སོ།།སྐྲག་པར་མ་བྱེད་ཅིག།འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བཤིག་སྟེ།ཐུགས་དང་འགྲོལ་བས་རྡོ་རྗེ་གདན་ཞིག་ཙམ་ནེ་ཌཱུར
7a4 པར་འགྱུར།།བཅོམ་ལྡན་འདས་རྡོ་རྗེའི་གདན་ནིམ་འཇིག་པར་འགྱུར་ཞེས་ཞུས་པ་དང་།ནམཁའི་ཁམས་ཀྱི་སེམས་ཅན་ཐ~ཾད་སངས་རྒྱས་པའི་འབྲས་བུ་ཐོབ་སྟེ་རྡོ་རྗེ་གདན་འཇིག
7a5 སྟེ་ཐར་བར་འགྱུརརོ།།བར་མ་དོ་དང་སྐྱེ་གནས་འཇིག་པ་དག་ཡོད།།དེའི་གསང་བའི་སྔགས་ནི་ཟླ་བའི་སྟེང་དུ་ཡི་གེ་ཨ་བཀོད།ཆོས་ཉིད་དག་པའི་སྔགས་བརྗོད།།ན་མཿས་མ
7a6 ཏ་བཛྲེ་དྷྭཾ།སརྦྦ་དྷརྨྨ་མི་ཏ་བཛྲཱི་སཏྭ་ཧཱུ~ཾ་ཞེས་ཕྱོགས་བཅུར་ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ལ་ཡེ་ཤེས་ཀྱི་འོད་ཀྱིས་གསོལ་བ་བཏ་པཱ་ལ་རྡོ་རྗེ་སེམས་དཔའི་སྐུར་བྱའོ།།ོཾ་བཛྲ་སཏྭ་ཧཱུ~ཾ
7a7 ཞེས་པ་འབུམ་བརྗོད།།རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུརརོ།།རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ཆེ།།མེ་ལོང་མེ་ལོང་གསལ་བའི་སྐུ།།ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ།




iiif viewer powered by OpenSeadragon

6b - 7b

Texts on this page

N413 - gsang ba'i rgyud rnams kyi rnam par 'byed pa drag po gsum 'dul zhes bya ba