| | e-texts navigator
|
63b1 ཡོངསུ་སྤང་བར་བྱ།།དེ་ནས་སྔ་མའི་ཚུལ་གནས་ལ།།གོང་དུ་བསྟན་པའི་གནས་རྣམས།།བདག་ག་ལས་འདྲི་ངེས་པར་བརྩམ།།གཏོར་མའི་ལས་རྣམས་ཀུན་རྫོགས་དང་།།
63b2 མཆོ་པོ་རྣམ་པ་ལྔ་རྣམས་དང་།།སེང་ལྡིང་ཕུར་པ་སོར་བརྒྱད་ལ།།སྔགས་འདི་ཡིས་ནི་ཡང་དག་བསྔགས།།ོཾ་བཛྲ་ཀཱི་ལ་ཡ་སརྦྦ་བིསྟྲཾ་ཧ་ན་ཧ་ནཱ་ཧཱུཾ།ོཾ་བཛྲེ་སཉྩ་ཛྙཱ་ན་ཤོ་དྷ
63b3 ཡ་སརྦྦ་ས་ཀྵུ་ཀ་ར་ཡ་ཧཱུཾ།།སྔགས་དེ་དག་གིས་ཕུར་བུ་དང་།།སྐུད་པ་ལྡེ་ལ་ལན་གྲངས་ནི།།ཉི་ཤུ་རྩ་གཅིག་བཟླས་བྱས་ལཱ།།ཙཱནྡན་ལི་སོགས་དྲི་ལཱྀ་ཡིས།།གོས་པར་ཡང
63b4 དག་བཅང་བོར་བྱ།།དེ་ནས་སྔགས་པ་བློ་ལྡན་པས།།བདག་ཉིད་བསྲུང་བའི་འཁོར་ལོ་བརྩམ།།རང་གི་ཕྱི་རོལ་མཚེམ་སུ་ནི།།མི་འགྱུར་ལས་ནི་བསིལ་ལྡན་སྒོམ།།དེ་སྟེང
63b5 སྡུད་པའི་དངོས་པོ་གང་།།ཁ་དོག་ནག་པ་ཡང་དག་བསམ།།དེ་ལས་ཁྱབ་བྱེད་རིགས་ལྔ་པ།།ཡང་དག་པོར་ནི་བསམ་པར་བྱ།།དེ་ནས་ཡོངསུ་རྫོགས་པ་ལས།།བདུད་རྩི་འཁྱིལ
63b6 པར་བདག་བསམ་སྟེ།།རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས།།སྔགསོ་བཟློས་པས་ནི་བགེགས་བསྐྲད་ལ།།རིགས་གཙོའི་རྩེ་མོ་དེ་ཉིད་ལ།།སྐམ་ལས་ལུས་སྐྱོབ་བསམ
63b7 བྱ་སྟེ།།སྤྱི་བོར་གནས་པས་ཁྱབ་པར་བསམ།།དེ་ནས་གཏོར་མ་དེ་ཉིད་ལ།།གདུག་པ་ལ་སོགས་གང་ཡིན་དང་།།སྐྱེ་བ་བཞི་བསྡུས་སེན་ལ།།ལས་ཀྱི་བར་ཆད་མི་འགྱུར
iiif viewer powered by OpenSeadragon
63a - 64a