e-texts navigator
Collection
Volume
Page
Wylie

63a1 སུ་རང་གསལ་བ།།དྲན་དང་བཅས་པས་བྲི་བར་བྱ།།མཐུ་དང་ལྡན་པའི་གང་ཟག་ལ།།སྟོབ་བྱ་ནི་ཤིན་ཏུ་ངེས་པར་སྐྱེ།།དཀྱིལ་འཁོར་ལྷ་གནས་མངོན་བསྒྲུབ།།
63a2 པས།།ལུས་ལ་གཟི་བརྗིད་འཇུག་པའོ།།རྡོ་རྗེ་མེ་ལྕེའི་རྒྱུད་དེ་ལས་དཀྱིལ་འཁོར་དང་ལྷའི་ལེའུ་སྟེ་གསུམ་པའོ།།།།ལག་ནི་རྡོ་རྗེ་གོས་སྔོན་གྱིས།།འཇིན
63a3 རྟེན་མགོན་ལ་འདི་སྐད་གསོལ།།དཀྱིལ་འཁོར་ལྷ་རྣམས་དགྱེས་བྱ་བ།།ཐབས་དེ་གང་ལགས་གསུང་དུ་གསོལ།།ནང་གི་བདག་ཉིད་ཅན་དང་ཡང་།།ཕྱི་ཡི་ཁྲུས་སོགས
63a4 རབ་བྱས་ལ།།རབ་གསལ་ལ་སོགས་རྒྱུན་བཅད་ནས།།གང་ཡང་རུང་བའི་ལོ་ཉིད་ལ།།སྟོན་ཟླ་ར་བ་ནས་བརྩམས་ནས།།ལྷ་མིན་བླ་དང་མེ་ཏོག་གི།དྲག་པོ་དང་པོ་དེ་ཉིད
63a5 ལཱ།བདག་གིས་སྦྱོར་བ་ངེས་པར་བརྩ་མེ།།དང་པོ་བདག་ཉིད་ལུས་ཉིད་ལ།རྒྱན་ཆ་ལྔ་ཡིས་རབ་བརྒྱན་ཏེ།།ལུས་ལ་གོས་དག་སྔོན་པོ་ཉིད།།བླ་གོས་སྨད་གཡོགས་ཡང་དག་བཅིང
63a6 སྤྱི་བོ་ལ་སོགས་གནས་ལྔ་རུ།།སྦྲུལ་གྱིས་ཡོངསུ་བཅངས་པར་བྱ།།རང་ཉིད་དཀྱིལ་འཁོར་ཤར་སྒོ་རུ།།འདུག་པས་སྦྱོར་བ་བརྩམ་པར་བྱ།།དེ་ནས་བླ་རེ་དྲང་པོ་གང
63a7 སྟོང་དུ་ངེས་པར་ཕུབ་བྱས་ལ།།ཟུར་བཞི་དག་ཏུ་བ་དན་བཞི།།སྔོན་པོས་ཡོསུ་སྦྱང་བར་བྱ།།བླ་རི་དག་གི་དཀྱིལ་དག་ནས།།སྐུད་པ་ལཾ་བརྒྱུས་མེ་ཏོག་གི།ཕྲེང་བ




iiif viewer powered by OpenSeadragon

62b - 63b

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba