e-texts navigator
Collection
Volume
Page
Wylie

62b1 གནས་པ་གང་།།ལས་ཀྱི་རིགསུ་ངེས་པ་ལས།།ཀླུ་དང་གནོད་སྦྱིན་ལ་སོགས་པ།།མ་རུངས་པ་རྣམས་ཡོངསུ་འཇིག།གཞན་རྣམས་ལྷག་མ་ཐོད་ཀུན།།ཕོ་ཉའི་ཚུལ་དུ་ངེས་པར་གནས།།
62b2 དང་པོ་ཉི་མ་ཤར་བ་ན།།ལས་ཀྱི་སྦྱོར་བ་སྣ་ཚོགས་པ།།སོ་སོ་དག་ལ་སྙིང་པོ་ཉིད།།གོང་དུ་བུམ་ལས་རབ་རྫོགས་པའི།།བརྒྱ་རྩ་བརྒྱད་དག་ངེས་པར་བཟླས།།ཧཱུཾ་ག་སྒྲ་དང་རབ
62b3 ལྡན་པས།།བདག་ཉིད་ཁ་ནས་མོ་འབར་གནས།།ཕྱག་རྒྱ་སྣང་བར་བཅས་བྱས་ཏེ།།དེ་ཉིད་སྟངས་སྟབས་བསྐྱེད་པ་ཡིས།།གདུག་པ་ཐམས་ཅད་སྲེག་བྱེད་དང་།།བདེར་གཤེག
62b4 མངོན་པར་དགྱེས་པར་བྱ།།རྡོ་རྗེ་དྲིལ་བུ་བཟུང་བྱས་ནས།།ཁྲོ་བོའི་ཆ་ལུགས་གང་ཡིན་པས།།ཕྱོགས་རྣམས་རྨོངས་པར་བྱེད་པ་ཡིན།།ལྷ་མེའི་གཟུགས་འཆང་གང་ཡིན
62b5 པས།གཞན་གྱི་སེམས་ཀྱང་འཕྲོག་པར་བྱེད།།རེ་མིག་རྣམས་ཀྱི་བར་གང་ཡིན།།མེ་ལྕེ་འབར་བ་ཡོངསུ་བྲི།།འཁོར་ལོའི་འོག་ཏུ་གནས་བྱ་བ།།ཆོས་འབྱུང་ཕྱག་རྒྱ་ངེས་པར
62b6 བྲིད་ཏེ་ཐབས་དང་ཤེས་རབ་ལྡན་པ་ལ།།ཀུན་འབྱུང་ཡུལ་དུ་ངེས་པར་གསལ།།རྟེན་འབྲེལ་ཡང་དག་འབྱུང་བ་ཡིས།།ཀུན་རྫོབ་ལ་ནི་དོན་དམ་རྟེན།།རྟེན་པོ་ཉིད་དུ་ཡང
62b7 དག་གནས།།དེ་བས་སྣང་བ་མི་གསལ་བར།།ཆོས་འབྱུང་ཕྱག་རྒྱ་ངེས་པར་ཡང་།།རྒྱས་པ་ལ་སོགས་མ་ཡིན་གྱི།།དྲག་པོའི་དཀྱིལ་འཁོར་ཡིན་པ་དང་།།དེ་བཞིན་དབྱིབ




iiif viewer powered by OpenSeadragon

62a - 63a

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba