| | e-texts navigator
|
62a1 །པ་བཞིན།།གཞན་ཡང་དེ་ལྟར་གནས་པ་ཡིན།།སུ་དོན་གནས་པ་གང་ཡིན་པ།།སྒྲ་དང་བཅས་པ་ཤེས་པར་བྱ།།དང་པོ་གཙང་བསྐྱེད་བྱེད་གང་།།དྷཱུ་ལས་ངེས་པར།།
62a2 རྫོགས་བྱ་ཞིང་།།གཞན་རྣམས་འདི་ལས་འབྱུང་བར་བསམ།།རྣམ་པ་མཾ།ོཾ་བ~ཾ་རྗེ་ཝཱ།པྲ་སེར་དྷ།ས་ལ་བཾ་དྷཾ།དེ་དག་ལས་བྱུང་སྔགས་པ་ཡིས།།འོད་དང་བཅས་པར་བདེར
62a3 གཤེགས་ཀྱིས།།ཞལ་ནས་འབྱུང་བར་ཡང་དག་ལྡན།།དེ་ལས་རིགས་པ་གང་ཞིག་གིས།།འབར་འཕྲོ་ངེས་པར་བསྐྱེད་པར་བྱ།།དང་པོ་ཀུན་ཀྱང་གཅིག་པ་ཡིས།།བཾ་ལས་གྱུར་པ་སྣ
62a4 ཚོགས་པ།།ཡང་དག་པར་ནི་བསྐྱོད་པར་བྱ།།དེ་འོག་ཀཾ་ལས་རབ་བསྐྱེད་པས།།སྐམ་པོར་ཡོངསུ་བརྟག་པ་ཡིན།།དེ་དོག་རབ་རྫོགས་སྔགས་པ་ཡིས།།སྐུ་རུ་ཡོངསུ་རྫོགས་བྱས་ལ།།བདག
62a5 གིས་རྣལ་འབྱོར་ཡང་དག་འགྲུབ།།དེ་ནས་སྔགས་པ་བློ་ལྡན་པས།།རིག་སུ་ངེས་པ་གང་ཡིན་པ།།ཐབས་འདི་ལ་ནི་འཇུག་པར་བྱ།།ཀུན་ལ་འཇུག་པར་གྱུར་པ་ཡི།།ཁྱབ་པོའི་བདག་པོ
62a6 ཆེན་ནི།།རིགས་ཀྱི་ག་བོས་སྤྱིལ་ཁྱབ།།མདུན་ནི་རྡོ་རྗེའི་རིགས་ཡིན་ཏཱཾ།།ལྷ་མིན་ལ་སོགས་ངེས་པར་འཇིག།གཡས་པ་ཉིད་ན་གནས་པ་གང་།།རིན་ཆེན་རིགསུ་ངེས་པ་སྟེ།།
62a7 ཟ་ལ་སོགས་ངེས་པར་འཇིག།རྒྱོབ་ནི་གནས་པ་གང་ཡིན་པ།།པདྨའི་རིགསུ་ཡང་དག་ལྡན།།ནོར་ལ་སོགས་པ་གང་དགོད་པ།།རབ་བཞིན་དུ་སྐོང་པར་བྱེད།།གཡོན་ནི་ངེས་པར
iiif viewer powered by OpenSeadragon
61b - 62b