e-texts navigator
Collection
Volume
Page
Wylie

61b1 །ཞལ་ཟས་སེལ་སྙན་རྣམས།།གར་གྱིས་རོལྔ་པར་ཡང་དག་ལྡན།།ནུ་མ་ཅུང་ཟད་འབུར་བ་ལ།།དར་དག་དཀར་པོས་སྨད་གཡོགས་པས།།གཙོ་བོ་ལ་བལྟས་མཛེས་པའི་གཟུགས།།ཕྱི
61b2 ཡི་གྲ་རུ་དགོད་པར་བྱ།།སྒོ་རྣམསུ་ནི་སྒོ་སྐྱོང་ནི།།སྲོག་གཙད་མེ་དང་དབུགས་རྔུབ་མ།།ཁྲག་མཐུང་མྱ་དང་ཤ་ཟ་མ།།ཞལ་གཅིག་ཕྱག་ནི་གཉིས་པ་ལ།།སྟག་དང་སེང་གེ་སྤྲུལ་དང
61b3 ཡང་།།དོམ་དུ་ཡོད་དག་གནས་པ་སྟེ།ཕྱག་གཡེས་ཐོ་བ་རྒྱལ་བ་དང་།།ཏོམ་གཟར་གྲི་གུག་རྣོན་པོ་བསྣམས།།གཡོན་པ་རྣམས་ནི་ཞགས་པ་ཉིད།།ཀུན་ཀྱང་འཇིགས་པར་ཡོངསུ
61b4 འཛིན།།རང་གི་ཕྱོགས་ཀྱི་ཁ་དོག་སྟེ།།ཀུན་ཀྱང་ནག་པོ་ཤིན་ཏུ་སྲེག།གཡོན་བརྐྱང་གྲོཡས་ནི་བསྒྲིམ་པ་ཉིད།།མཆེ་བ་གཙིགས་ཤིང་རྔམ་པའི་སྐུ།།ཤིན་ཏུ་ཁྲོ་གཉེར་བརྗིད
61b5 བའི་ཞལ།།གར་ཐབས་ཀྱིས་རོལ་བདེ་ཆེན་གནས།།ཅུང་ཟད་གཡོན་དུ་གཟིགས་པ་ཡིས།།ཧ་ལ་ཧ་ལའི་སྒྲ་ཡང་སྒྲོགས།།གཞན་ཡང་ལྷ་རྣམས་དེ་དག་ཀུན།།ཐོད་པ་ལྔ་ཡཱི
61b6 བརྒྱན་བྱས་ནས།།རྒྱན་ཆ་ལྔ་དང་ཡང་དག་ལྡན།།ཀུན་ཀྱང་སྟག་གི་ལྤགས་པ་ཡིས།།སྨད་ནི་ཡོངསུ་དཀྲིས་པ་ཡིན།།དེ་སྟེང་གདན་ནི་རབ་གནས་པ།།གཙོ་བོ་གཉིས་ལ་ཉི་ཟླ
61b7 ཡིས།།ཕྲག་པ་ཉིད་ལ་འཁོར་བར་རྒྱུ།།ཚངས་པ་དབང་པོ་ལྷོ་ཆེན་གཉིས།།ཞབས་ཀྱིས་ཡོངསུ་མནན་པ་ཡིན།།ཤར་གྱི་ལྷ་ཆེན་རྣམ་རྒྱལ་ཉིད།།ཀེང་རུས་སྟེང་ན་བཞུགས།




iiif viewer powered by OpenSeadragon

61a - 62a

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba