| | e-texts navigator
|
61a1 སྒྲོག་རབ་བཟུང་ནས།།གྲོང་སྲིན་ལ་སོགས་གསུམ་པོ་རྣམས།།དམར་པོར་བཀུག་པས་ཡོངསུ་བསྡམས།།མཐོབ་འཛུབ་བཞི་རྣམས་རབ་བརྐྱང་སྟེ།།
61a2 བོར་ངེས་པར་བསྣོལ་བར་བསྣམས།།ལྷོ་ནུ་རྡོ་རྗེ་མཁའ་འགྲོ་སྟེ།།ཁེ་དོག་དམར་སྐྱ་ཉིད་ལ་ཡང་།།ཤིན་ཏུ་མི་བཟུད་འཛེགས་པའི་གཟུགས།།ཞབས་གཉིས་མཐིལ་སྦྱོར
61a3 བཙུགས་པ་ལ།།ན་མཁའི་གྲུ་བཞི་པ་རུ་འདོད།།ལག་གཉིས་སྤྱི་བོར་ཐལ་སྦྱར་ནོས།།མེ་ལྕེ་འབར་བ་ཡོངསུ་འཛིན།།ཐོད་པ་ལྔ་ཡིས་མགོ་རྒྱན་པ།།གཙོ་བོ་ལ་བལྟས
61a4 དགོད་པར་བྱ།།ནུབ་བྱང་བཞི་པའི་མཚམ་སུ་ཡང་།།རྡོ་རྗེ་འཇིགས་བྱེད་ཞེས་བྱ་བ།།ཁ་དོག་ནག་པོ་འཇིགས་པའི་གཟུགས།།ཞལ་གསུམ་ཕྱག་ནི་དྲུག་པ་ལ།།ཞབས་གཉིས
61a5 དག་ཏུ་རྣམ་པར་བཤད།།གཡས་གཡོན་དང་པོ་གླང་ཆེན་གྱི།།ལྤགས་པ་ཡོངསུ་བརྐྱང་པ་འཛིན།།དེ་འོག་གཡས་པས་དགྲ་སྟ་ལ།།གཡོན་པ་རྡོ་རྗེ་ཡང་དག་འཛིན།།གསུམ
61a6 བའི་གཡས་ན་ལྕགས་ཀྱུ་སྟེ།།གཡོན་ན་མི་འགོ་རློན་པ་བསྣམས།།བརྐྱང་བསྐུམ་ཚུལ་དུ་གནས་ནས་ཀྱང་།།གཙོ་བོ་ཉིད་ལ་ཁེ་བལྟས་བཞུགས།།མཚམས་ཀྱི་གྲུ་ཆད་གང་ཡིན
61a7 པར།།འོད་སྤྱོད་མ་དང་ཡིད་འབྲོག་མ།།ཀུན་བཟང་མ་དང་གླུ་སྒྲ་ཅན།།རང་གི་ཕྱོགས་ཀྱི་ཁ་དོག་ལ།།ཤིན་ཏུ་ཞི་བས་ལྡེམ་བག་ཅན།།ཕྱག་གཡ་སུ་ནི་མེ་ཏོག་དང་།།དྲི་དང
iiif viewer powered by OpenSeadragon
60b - 61b