| | e-texts navigator
|
60a1 པ་ཡི།།ལྷ་མོ་ཡོངསུ་དགོད་པར་བྱ།།སྒོ་བཞི་དག་ཏུ་ཁྲོ་མོ་བཞི།།སྦྱོར་བས་ཡང་དག་དགོད་པར་བྱ།།རིན་ཆེན་བ་གུ་འདོད་ཡོན་དང་།།དྲ་བ་དྲ་བྱེད་ཡང་དག་ལྡན
60a2 ཏཱར་ན་ནི་བཞིས་བརྒྱན་ཅིང་།།སྣ་ཚོགས་རྡོ་རྗེ་བཞིར་གནས་ཡིན།།གདུག་སུ་དང་རི་དགས་གང་ཡིན་པ།།རྒྱན་རྣམས་ཀུན་གྱིས་རྣམ་པར་སྒེག།སྔགས་པ་བྱང་ཆུབ་བློ་ལྡན་པས།།ཀེང་རུས
60a3 ཕྲེང་བ་ཉིད་དང་ཡང་།།སྦྲུལ་མགོའི་ཕྲེང་བས་རྣམ་པར་བརྒྱན།།རྡོ་རྗེ་སྣ་ཚོགས་རབ་འབར་བའི།།ཕྲེང་བས་ཕྱི་རོལ་ལེགས་པར་བསྐོར།།ཟུར་བཞི་དག་ཏུ་བུམ་པ་བཞི།།རྒྱན་གྱིས
60a4 རྫོགས་པར་ཡང་དག་བློ།།དེ་དཀྱིལ་ཕྱག་ན་རྡོ་རྗེ་ཉིད།།སྔ་མའི་ཚུལ་གྱིས་ཡོངསུ་གནས།།ཤར་དུ་ཁམས་གསུམ་རྣམ་རྒྱལ་ཉིད།།ཡང་དག་པར་ནི་བྲི་བྱ་སྟེ།།ཁ་དོག་དམ་པོ་ཉིད་ལ་ཡང་།
60a5 དབུ་གསུཾ་ཕྱག་ནི་དྲུག་པའི་དཔྱིད།།ཞབས་བནི་བརྐྱང་བསྐུམ་ཚུལ་དུ་བཞུགས།།ཕོ་ཉ་རྡོ་རྗེ་ངེས་པ་ལ་སྣ།།ཕོ་ཉ་དགྲ་སྟ་ཡང་དག་ལྡན།།བར་མ་གཉིས་ཀྱིས་འཆིང་བྱེད་པ།།གུང་མོ
60a6 མཐེ་བོང་ངེས་མདུད་ནས།།གཞན་རྣམས་ཡོངསུ་བརྐྱོང་བ་ཡིན།།དེ་ཉིད་སྙིང་པོ་གང་ཡིན་པ།།སྙིང་ཀར་ཡང་དགེ་བཟུང་བྱས་ནས།།དེ་འོག་པོ་ཡིས་ཞགས་པ་འཛིན།།མོ་ཡིས་དྲིལ
60a7 བུ་བཟུང་བྱས་པ།།དང་པོ་ཉིད་ལ་དགོད་པར་བྱ།།ལྷོ་རུ་ནག་པོ་ཆེན་པོ་ཉིད།།ཁ་དོག་དུད་སྤྲིན་ལྟ་བུ་ལ།།ཞལ་གཅིག་ཕྱག་ནི་གཉིས་པའི་དབྱིངས།།ཕོ་ཉིད་ཙན་དན་བེང་ཆེན་བསྣམ།།།
iiif viewer powered by OpenSeadragon
59b - 60b