e-texts navigator
Collection
Volume
Page
Wylie

5b1 སྒང་ནག་འཛིན།།ཞལ་གསུམ་པ་སྟེ་འཇིགས་པ་ཆེ།།སྐུ་གསུམ་དྲག་གིས་རབ་ཏུ་མཚན།།ངོ་ཉ་གསུམ་གྱིས་གདུག་པ་འདུལ།།ཀླུ་ཡོ་གཉེན་པོའི་གནནོད་སྦྱིན་བདག།བདུད་འདུལ་ཚངས
5b2 པིརྞེ་ཕོ་ཉ་ནི།།ཟླ་བ་ཉི་མ་དག་གི་སྟེང་།།གླང་ཆེན་ཀར་ཀཾ་གསེར་གྱི་གདན།།བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན།།ཚངས་པ་རལ་གྲི་པདྨ་འཛིན།།ཀླུ་འདུལ་སྦྲུལ་ནག་འཛིན་པའོ།།བདུད་འདུལ
5b3 དབང་པོ་ཉི་མའི་སྟེང་།།གནོད་སྦྱིན་ཟླ་དྲང་སྟོབས་ཀྱི་སྟེང་།།ཀླུ་འདུལ་རི་སྟེང་རྒྱ་མཚོའི་ནང་།།སྦྲུལ་ནག་འཁྱིལ་པ་སྟོབས་ལྡན་ཏེ།།མཁའ་དང་རིབས་མནན་པའི་སྟེང་།།གསེར་མདོག་སྟོབས
5b4 ལྡན་གཉིས་ཀྱི་གདན།།བརྒྱད་ཁྲིར་ཞབས་བཞག་རི་རིབ་མནན།།མེ་དཔུང་སྐུ་ལ་འཁྲུགས་པའི་འོད།།ཁམས་གསུམ་ཁྱབ་མཛད་ཁྲོ་བོ་འཕྲོ།།སངས་རྒྱས་འདུས་པའི་སྐུ་ལ་ཕྱག་འཚ
5b5 ལེ།།དེ་ནས་གསང་བའི་དཀྱིལ་འཁོར་ནི།།རྡོ་རྗེ་མེ་དཔུང་འོད་དང་ལྡན།།དེ་ཉིད་མཁའ་དང་འབྱུང་བ་ལས།།དུར་ཁྲོད་བརྒྱད་དང་ལྡན་པའི་གནས།།བདག་པོའི་ས་བོན་ལས་བྱུང་བ།།ཟླ་ཉི
5b6 ཐོད་པ་རྡོ་རྗེ་ལས།།དྲག་པོའི་རྟགས་ལྡན་གཙོ་བོ་ཆེ།།མཛེས་ལྷུན་སྐུ་ལ་ཡང་དག་འཁྲིལ།།དྲག་ཆེན་འདུལ་མཛད་དྲི་ཟའི་གཙོ།།མདོག་དཀར་རྩེ་གསུམ་འབར་བ་འཛིན།།འོད
5b7 འབྲེ་དཀར་མོ་སྐུ་ལ་འཁྲིལ།།འཇོམས་མཛད་བུ་གྲི་འབར་བ་འཛིན།།མགོན་པོ་གཟི་བརྗིད་གཤིན་རྗེའི་བདག།མདོག་སེར་དབྱུག་ཐོས་གཤིན་རྗེ་འདུལ།།མདངས་ལྡན་སེར་མོ




iiif viewer powered by OpenSeadragon

5a - 6a

Texts on this page

N413 - gsang ba'i rgyud rnams kyi rnam par 'byed pa drag po gsum 'dul zhes bya ba