| | e-texts navigator
|
59b1 ནང་གཏུམས་ལ།།གནས་གང་ཡིན་པར་བདག་ལ་གཏད།།དེ་ཡིས་ཞག་གསུམ་སྦྱོར་བ་ཡིས།།ཕྱག་རྒྱ་ངེས་པ་ཉིད་དང་ཡང་།།སྙིང་པོ་གོང་གི་སྦྱོར་བ་ཡིས།།དྲི་ཆུ་བཏབ་ལ་གྲངས་ཚད་སུ།།
59b2 ཕྱིན་པར་ཡང་དག་བཟླས་པར་བྱ།།དེ་ནས་སྐུད་པ་སྔོན་པོ་ནི།།བུ་མོས་ལེགས་པོར་བཀལ་བ་ལོ།།སྔགས་ཀྱིས་དག་བྱས་རབ་མཛེས་པས།།སྲད་བུ་དགུ་རུ་ངེས་པོར་སྒྲིལ།།མེ་ཏོག་སྔོན།
59b3 པོའི་ནང་གཏུམས་ལ།།སེང་ལྡིང་ཕུར་པ་ལྔ་རྣམས་ཀྱིས།།སྲད་བུ་ཡོངསུ་བྲི་བར་བྱ།།རབ་ཏུ་ཚ་དུ་ངེས་པ་ཡིས།།ཕྱག་རྒྱ་མ་ལ་དགྲ་བརྗོད་པས།།དེ་ཉིད་མཉམ་པར་གཞག་པ་ཡིས།།
59b4 དཀྱིལ་འཁོར་ལེགས་པར་བྱས་པ་ཡིན།།འཕང་དུ་ཁྲུ་གང་ཚད་བྱས་ཏེ།།དང་པོར་བྱང་ཤར་མཚམས་ཉིད་ནས།།ཀུན་རྟོན་ཁ་དོག་རིགས་འཐུན་བླང་།།ཡོངསུ་བསྡུས་བྱས་ངེས་པར་བྱ།།
59b5 གཉིས་པ་གཉིས་པ་ཉིད་ངེས།།གསུམ་པ་གཅིག་གི་ཚད་དང་ལྡན།།དེ་ལྟར་ཆེད་ལྡན་པ་ལས།།ཤིན་ཏུ་མཉམ་པར་འཐས་པར་བྱ།།དེ་ཉིད་རྗེསུ་འཇུག་པ་ཡིས།།དང་པོའི་སྲད་བུ་གང
59b6 ཡིན་པ།།ཁ་དོག་སེར་པོའི་ཐིག་གདབ་བྱ།།དཀྱིལ་འཁོར་དགུ་རུ་ངེས་པ་ལས།།འབྲུ་དང་ས་དང་རིན་ཆེན་དང་།།ཕྱེ་མ་ཉིད་དུ་བཏོགས་པ་ཡིས།།དཀྱིལ་དུ་པདྨ་བཅུ་དྲུག་པ།།མདབ་མར
59b7 ལྡན་པར་བྲི་བར་བྱ།།ཤར་དང་ལྷོ་དང་ནུབ་བྱང་དང་།།མཚམས་རྣམསུ་ཡང་དེ་བཞིན་བྲི།།ལེ་ཚེའི་པདྨ་གང་ཡིན་པ།།སྣ་ཚོགས་པར་མི་ཡང་དག་བཤད།།མཚམས་རྣམསུ་ནི་མཆོད
iiif viewer powered by OpenSeadragon
59a - 60a