e-texts navigator
Collection
Volume
Page
Wylie

59a1 ལེའུ་སྟེ་གཉིས་པའོ།།།།གོས་སྔོན་ལག་ན་རྡོ་རྗེ་ཡིས།།སངས་རྒྱས་མགོན་ལ་འདི་སྐད་གསོལ།།གང་ཞིག་བསྒྲུབ་པར་བྱ་བ་ཡི།།ཐབས་ཀྱི
59a2 དཀྱིལ་འཁོར་གསུང་དུ་གསོལ།།རིག་པའི་རྒྱལ་པོས་བཀའ་སྩལ་པ།།ཡང་དག་དོན་དམ་དངོས་གྱུར་ན།།དཀྱིལ་འཁོར་ལྷ་གཟུགས་མེད་པ་སྟེ།།འགྲོ་བ་རྟོག་པ་ལ་གནས
59a3 པར།།དེ་ཡི་ཀུན་རྟོག་གསལ་བའི་ཕྱིར།།ལྷ་ཡི་སྦྱོར་བ་བཤད་པར་བྱ།།གང་ཞིག་མོས་པར་བྱེད་པ་ཡིས།།ཁྲུ་གསུམ་དཀྱིལ་འཁོར་ཕྱོགས་བཞི་པ།།ནགས་སམ་དུར
59a4 ཁྲོད་ཁང་སྟོང་ངམ།།གཙུག་ལག་ཁོང་ངམ་མཆོད་རྟེན་ནམ།།དེ་དག་གོན་སུ་ངེས་པར་བརྩམ།།དང་པོར་བསྙེན་པ་རབ་གནས་པས།།བུ་མོ་བཅུ་དྲུག་སྟོན་མོ་བྱས།།བདག་གི
59a5 ཞིག་གསུམ་ཁྲུས་བྱ་ཞིང་།།སྤྱི་བོ་ལྐོག་མ་སྙིང་ཁ་རུ།།གསང་བ་གསུམ་གྱི་ཡི་གེ་བརྟག།རམ་སུ་བཙོས་པའི་གོས་ཉིད་ལ།།གུར་གུམ་ཐིག་ལྀ་ངེས་བཏབ་སྟེ།།དེ་ཉིད་ལ
59a6 ནི་བསྐོན་པར་བྱ།།ཟསུ་དཀར་གསུམ་སྦྱིན་བྱས་ཤིང་།།སྐྱེས་པ་དང་ནི་ཕྲད་མི་བྱ།།སྙིང་པོ་འདི་ཉིད་འབུམ་ཚད་དུ།།རང་གིས་བཟླས་པས་རིག་པ་འབྱིན།།དེ་ནས་བསྙེན་པ
59a7 རྫོགས་པ་ལས།།བུ་མོ་ཉིད་ལ་ཚིག་བརྗོད།།བ་ཡི་རྣམ་ལྔ་ཉིད་དང་ཡང་།།རམས་དང་མཐིང་ཤུན་ཀུན་འདུས་སུ།།རིན་ཐང་མི་བརྩི་ཉོར་བཅུག་སྷོ།།དེ་ཉིད་རིགས་མཐུན




iiif viewer powered by OpenSeadragon

58b - 59b

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba