e-texts navigator
Collection
Volume
Page
Wylie

58a1 དེ་ནས་ཕྱག་ན་རྡོ་རྗེ་ཡིས།།ཐུབ་པའི་སྐུ་ས་འདི་སྐད་གསོལ།།གསང་བའི་རྡོ་རྗེ་དྲག་པོའི་དོན།།རྒྱས་པར་བདག་ལ་བཤ་དུ་གསོལ།།གསང་བའི་བདག་པོ
58a2 ལེགས་པར་ཡང་།།ཉོན་ལོ་ཡིད་ལ་ཟུང་ཤིག་ཁྱོད།།ང་ཡི་གསང་བ་གང་ཡིན་པ།།རྡོ་རྗེ་དྲག་པོ་གང་ཡིན་པ།།ང་ལ་མཚན་ཉིད་གཞན་མེད།།ཁྱོད་ཉིད་ཀྱི་ནི་རྒྱུད་དང་ཡང་།།
58a3 ཀྱི་བྱ་བའི་ལས་བཤད་བྱ།།སྐྱེ་བ་བཞི་བསྡུས་སེམས་ཅན་རྣམས།།གདུག་པ་ཅན་གྱིས་གཙེས་གྱུར་པ།།ཐབསུ་ལྡན་པའི་བཟློག་པ་ཡི།།མཚན་མ་ངེས་པར་བཤད་པར་བྱ།།།
58a4 བ་ནི་རྣམ་པར་སྣང་མཛོད།།ཛི་ནི་མི་བསྐྱོད་ཐུབ་པའི་སྐུ།།ར་ནི་རིན་ཆེན་འབྱུང་ལྡན་སྐུ།།མེ་ལྕེའི་ཡིག་འབྲུ་གསུམ་བི་ལ།།དང་པོར་གཙོ་བོ་བཤད་བྱ་བ།།པ་ནི་རྡོ་རྗེ་འཇོམས
58a5 བྱེད་མ།།ཛ་ནི་ཀུན་འགྲོ་འཇོམས་བྱེད་མ།།འོག་བཏགས་གསུམ་པོ་མིང་མཐར་སྦྱར།།ེ་ནི་ཀུན་ཏུ་གོ་བྱེད།།བ་མ་ནི་ཀུན་ཏུ་རྟེན་པ་ཉིད།།མ་ནི་སྨིན་པར་བྱེད་པའི་ལས
58a6 ཡཽ་ནི་ཡང་དག་བསྐྱེད་པར་བཤད།།གོ་འབྱེད་གཉིས་པའི་སྟེང་གནས་པའི།།སྣ་ལྗོན་དག་ཏུ་ཤེས་པར་བྱ།།དེ་ལས་ངེས་པར་བྱུང་བས་ན།།ཀུན་སྣང་གང་ཡིན་དངོས་དང་།
58a7 སྦྱར།།བསམ་པའི་དངོས་ལ་འཇུག་རྣམས་ཀྱི།།ཡན་ལག་ཐབས་རྣམས་ཐད་དུ།།གོང་དུ་སྨོས་ནས་བརྗོད་པ་ཡིན།།དོན་དུ་གསལ་བར་བཟློས་པ་ཡི།།ཚིག་ནི་རྒྱས




iiif viewer powered by OpenSeadragon

57b - 58b

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba