e-texts navigator
Collection
Volume
Page
Wylie

57b1 སྤྱད་དུ་ཡང་སྟན་གྱིས་འཁོར་བར་གཟིགས།།དེ་ནས་ཁ་བྲུས་ཞེས་བྱ་བའི་སྔགས་བརྗོད།།དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ནས་རྡོ་རྗེ་བ.ུ་མོ་ང་གི་སྙིང་ཁར་སྦྱར་ཏེ།བཅོམ་ལྡན་འང།
57b2 ལོ་འདི་སྐད་ཅེས་གསོལ་ཏོ།།ཀྱེ་མ་བཅོམ་ལྡན་འདས་ལ་གསང་བ་དྲག་པོའི་དོན་བདག་དང་།སེམས་ཅན་ཐ~ཾད་ལ་ཕན་པའི་ཕྱིར་ཞུ་ནེ།ཅི་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གླེན
57b3 ངམ་ཞེས་གསོལ་པ་དང་།ཅི་ཡང་མི་གསུང་བར་བཅོམ་ལྡན་འདས་གདུག་པའི་ཚོགས་ངེས་པར་འདུལ་བ་ཞེས་བྱ་བའི་ཏཱི་འཛིན་ལ་སྙོམས་པར་ཞུགས་ཏེ།ཞུགས་མ་ཐོག་ཏུ་སྟོ
57b4 གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་གདུག་པ་ཐཾད་སྙིང་འདར་བར་གྱུར་ཏོ།།དེ་ནས་ཏིང་འཛིན་དེ་ལས་བཞེངས་ནས་ལག་ན་ཛྭ་ལ་གཟིགས་ཏེ།བྱེད་པ་གྲིཡོན
57b5 པའི་ཆུ་ཤིང་སྙིང་པོ་ནས་དྲངས་ཏེ་བཀུག་པའོ།།བྱེད་པ་སྐྱེས་པའི་ཆུ་ཤིང་སྒྲ་དང་བཅས་པས་བརྐྱང་བ་བྱས་ཏེ་ག་ནསོ།།དེ་ནས་ལག་ན་རྡོ་རྗེ་ཕྱག་རྒྱ་དེ་ཉིད་ཡང་དག་པར་རིག་སྟེ།ཚིག
57b6 འདི་སྐད་ཅེས་བརྗེད།ཁྱེད་ལ་སོགས་པའི་འཁོར་དག་སོ་ཕྱོགས་འདིར་མ་གནས་པར་ཕྱོགས་གཞན་དུ་དེངས་ཤིག།གལ་ཏེ་མི་འགྲོན་ཁྱེད་ལ་སོགས་པའི་སྙིང་འགས་པར་འགྱུར
57b7 ཞེས་བརྗོད་པས་སྐྱེ་གནས་ཀྱི་ཁུང་བུར་སྒྲིབ་བྱེད་ཀྱི་ཚོགས་སོང་སྟེ།སྔ་མ་བཞིན་དུ་འཁོད་དོ།།ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕིའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།




iiif viewer powered by OpenSeadragon

57a - 58a

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba