e-texts navigator
Collection
Volume
Page
Wylie

57a1 །ཕྱག་རྙན་ལག་ན་རྡོ་རྗེ་རྒྱ་མཚའི་ནང་དུ་འདུག་པ་མཐོང་ནས།།རིངས་པར་ཀྱེ་མ་ཨ་ལ་ལ་བདག་དྲུག་གི་གཙོ་བོ་ཉིད་བཞུགསོ་ཞེས་བརྗོད་ནས།སྤྱོད་པ་ལས
57a2 ཕྱིན་ཏེ་བལྟས་པས་ཆེར་དྲག་པ་སྒྲ་ཁམ་པི་གྱེན་དུ་འཕགས་པ།མིག་མེ་མདག་གྲི་ཕུང་པོ་ལྟར་འབར་བ།མཆེ་བ་གཙིགས་པ།ལྕེ་གློག་ལྟར་འགྱུ་བ།གསུས་པ་རྫིང་བུ་ལྟར
57a3 འཁྱིལ་བ།རྒྱ་མཚོའི་ཟབསུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་པའི་དབུས་མར་ཕྱིན་པ།ཀླུའི་རྒྱན་ཆ་བདུན་དང་ལྡན་པ།ལག་པ་གཡས་ནི་རྡོ་རྗེ་རྩ་དགུ་པ་ཐོགས་པ།གཡན
57a4 པ་ནི་མཁའ་ལྡིང་གི་རྒྱལ་པོ་དྲག་པོ་ཐོགས་པ།སྐུ་བྱིན་པོ་ལ་དཔག་ཆད་ཉི་འབུམོ་དྲུག་ཁྲི་ཡིད་པ་བཞུགས།།དེ་ནས་གནོད་སྦྱིན་རྣམས་ཀྱིས་གསོལ་པ།གཙོ་བོ་ཁྱོད་ཀྱིས་བཙོ
57a5 ལྡན་འདས་ལ་གསང་བའི་དོན་དྲག་པོ་རྒྱས་པར་གསོལ་ཅིག།བདག་ཅག་རྣམས་ཀྱིས་ཞུ་བར་མ་སྤོབས་ཀྱིས་ཞེས་གསོལ་ནས།ལག་ན་རྡོ་རྗེ་ལ་གོས་སྔོན་པོ་དྲར་ལོ་བཻ་ཌཱུརྱ་ཞུན
57a6 མའི་ནང་དུ་བཅོས་པ་ཞིག་བླ་གོསུ་གསོལ་ཏོ།།སྟག་གི་ལྤགས་པ་དྲུག་སྟོང་གིས་ཤམ་ཐབསུ་བཅིང་སོ།།དེ་ནས་ལག་ན་རྡོ་རྗེ་རིངས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ།
57a7 ཞབས་ལ་སྤྱི་བོས་གཏུགས་ཏེ།མདུན་དུ་སྙིང་པོ་དང་ལྡན་པའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག།དེ་ནས་བཅོམ་ལྡན་འདས་ཀྱིས་ན་མཁའ་དང་ས་གཞི་ལ་གཟིགས་ནས།བར




iiif viewer powered by OpenSeadragon

56b - 57b

Texts on this page

N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba