e-texts navigator
Collection
Volume
Page
Wylie

56b1 གཅིག།དེ་ནས་བཅོམ་ལྡན་འདས་དྲག་པོའི་སྐྱིལ་མོ་ཀྲུང་བཅས་ནས་གཡས་པ་ན་མཁའ་ལ་སྦྱོང་།གཡོན་པས་ལ་བགླད་ནས་སྤྱན་བཟློག་པས་ཕྱོགས་བཅུར་གཟིགས་ཏེ།།ཞལ
56b2 ནས་ཧཱུ~ཾ་ཧཱ་ཞེས་པའི་སྒྲ་ཆེར་བྱུང་།།དེ་ནས་འཁོར་ཐམས་ཅད་གཙོ་བོ་མི་སྣང་བས་ཡུན་རིང་དུ་བ་རྒྱལ་བར་གྱུར་ཏོ།།དེའི་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ནས
56b3 སངས་རྒྱས་ཐཾད་ཀྱིས་གནང་བ།སྔགས་རྣམ་གསུམ་གྱི་བདག་པོར་གྱུར་པ།ཕྱུག་རྟེན་ལག་ན་རྡོ་རྗེ་ཞེས་བྱ་བ།ཁ་དོག་སྔོན་པ་ཆེར་གྲགས་པ།ཕྱག་གཡས་པ་ན
56b4 དགུ་པ་ཐོགས་པ།གཡན་པ་ན་ནི་མཁྱུའི་ལྡིང་གི་རྒྱལ་པོ་དྲུག་པོ་ཐོགས་པཞིག་རྒྱ་མཚ་ཆེན་པོ་ཞུགསོ།།དེ་ནས་ན་མཁའ་ལྡིང་གེ་བཤོག་པ་པོསྐྱེད་པས་རྒྱ་མཚར་ཞུགས
56b5 ཏེ།ཀླུའི་རྒྱལ་པོ་དགའོ་དང་འཇུག་པོས་རང་གི་བདག་པོའི་སྤྱི་བོར་འདུད།།ཉེ་དགའ་བོ་དང་དུང་སྐྱོང་གིས་རྣ་ཆ་བྱས།།རིགས་ལྡན་གྱིས་མགུལ་རྒྱུན་དུ་བྱསོ།།པདྨ་དང
56b6 པདྨ་ཆེན་པོས་ལྷག་གདུབ་ཏུ་བྱས།།སྦྱིན་གྱི་ཤུགས་ཅན་གྱིས་སེ་རལ་ཁར་བཅིངསོ།།ཧུ་ལུ་ཧཱུཾ་ས་སྐ་རགསུ་བྱོས།།འབྲུག་སྒྲ་དང་བདུདུ་འཇོམས་ཀྱིས་རྐང་གདུབ་ཏུ་བྷྱས
56b7 ཏེ།སླར་བདག་པོའི་ལག་པ་ནི་ཡིན་པ་སོང་།།དེ་ནས་གནོད་སྦྱིན་བྱེ་བ་ཕྲག་བཅུ་དང་།དྲག་པོའི་རིགས་རྣམས་པརྒྱལ་བ་ལ་མོ་སངས་ཏེ།།ཕྱོགས་ཀུན་ཏུ་བལྟས་པ་ལས།




iiif viewer powered by OpenSeadragon

56a - 57a

Texts on this page

N419 - rmi lam mthong ba zhes bya ba'i gzungs
N420 - phyag na rdo rje gos sngon po can gnod sbyin drag po chen po rdo rje me lce'i rgyud ces bya ba