e-texts navigator
Collection
Volume
Page
Wylie

55b1 ཐ་ནུའི་བྱངས་ཉམས་རྙེད་གདུང་སྟེ།།ལུས་ལ་བཅངས་པར་གྱུར་པ་ན།།ཤ་མིག་རྣམ་པར་དག་པ་ཡི།།ཀླུ་ཚོན་བརྒྱད་ཀྱིས་བལྟས་གྱུར་ཀྱང་།།མཐོང་བར་འགྱུར་བ་མ་ཡིན།།ཞེས
55b2 གསུངསོ།།དཔལ་རྡོ་རྗེ་གཏུམ་པ་ཐུགས་གསང་བའི་རྒྱུད་ཕྱེ་མའི་ཕྱི་མ་ལས་ལུས་རྣམ་པར་སྦ་བའི་ལེའུ་སྟེ་བདུན་པའོ།།།།དེ་ནས་ལྷའི་དབང་པོ་དང་།གནོད་སྤྲིན་གྱི་དེད
55b3 དཔོན་ལག་ན་རྡོ་རྗེ་གཏུམ་པོ་དང་།གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་།གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་སྟོབས་པོ་ཆེ་དང་།གནོད་སྦྱིན་གྱི་དེད་དཔོན་ལག་ན
55b4 རྡོ་རྗེ་གཏུམ་པའི་བདག་པོ་དང་།དེ་དག་ལ་སོགས་པ་འདུས་པ་ཆེན་པོ་རྣམས་རབ་ཏུ་ཡང་ཡི་རངས་ཏེ།ལོན་བརྒྱ་སྟོང་དུ་མར་མཆོད་ཅིང་བསྐོར་ནས་མངོན་པར་བསྟོད་དོ།།དེ་ནས་ལག
55b5 ན་རྡོ་རྗེ་བཞི་ལ་བཀའ་སྩལ་པ།ལག་ན་རྡོ་རྗེ་བཞི་པོ་དང་།རྒྱུད་འདི་དག་གང་ན་གནས་པར་ཁྱེད་ཀྱང་རྗེསུ་འབྲེངས་ལ་རྒྱུད་འདི་འཆད་པ་དུས་གསུམ་དུ་མཆོད་ཅིང་བསྐུར་བར་གྱིས་ཤིག།
55b6 དེའི་དགོས་པ་གང་ཅི་ཡང་རུང་མ་ལུས་པར་བསྒྲུབས་ཤིག།ཕྱི་མོའི་དུས་ན་ཨོ་ཏྲའི་ཡུལ་ཏུ་རྒྱས་པར་འགྱུར་གྱིས་དེར་སྲུང་བར་བྱོས་ཤིག་ཅེས་གསུངས་ནས་ཆོས་ཀྱི་དབྱིངས་རྣམ་པར
55b7 དག་པ་ལ་བཞུག་སོ།།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་ཡོངསུ་གཏད་པའི་ལེའུ་སྟེ་བརྒྱད་པའོ།།།།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང




iiif viewer powered by OpenSeadragon

55a - 56a

Texts on this page

N418 - dpal rdo rje gtum po thugs gsang ba'i rgyud phyi ma'i phyi ma