e-texts navigator
Collection
Volume
Page
Wylie

55a1 མཐུ་བཟློག་པའི་ཐབས་བཀའ་སྩལ་དུ་གསོལ།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དེ་ནས་སྦྱོར་བའི་མཐུ་བཟློག་ན།།
55a2 རང་ལུས་སྦས་ཏེ་དེ་དག་གི།མིག་གི་འབྲས་བུ་གཅར་བར་བྱ།།རང་ལུས་སྦ་བར་བྱ་བ་ནི།།སྐྱེ་འགྲོ་མི་ཡི་འདྲེས་བུ་གཅར།།ནག་པཽ་ཁཱ་ཏའི་འབྲས་བུ་དང་།ཙ་ར་རོག་པའི
55a3 འབྲས་བུ་གཉིས།།མིག་ལ་བསྐུས་ཏེ་ནོར་བུ་སྩལ།།སྙེད་ནས་ལུས་ལྕང་རི་ཁྲོད་འབྲིམ།།དེ་དག་སྙེད་པར་མ་གྱུར་ན།།གསེར་དང་དངུལ་རྡོ་ཞ་ཉེའི་རྡོ།།སྤྲ་ཚིལ་དང་ནི་ཨ
55a4 རུ་རེ།།བ་རུ་ར་དང་པི་པྲི་ལིང་།།ཕེཾ་བ་རིལ་རྣམས་ཆ་བསྙམས་ཏེ།།གཞུ་སྟེ་རྫི་དང་རླངས་ལ་གཟབ།།དེ་དག་གཞན་གྱི་སྦྱོར་བ་ཡིས།།བདག་གམ་གཞོན་ལས་ཚེ་འགྱུར།
55a5 ན།།དྲེགས་པ་ཀུན་གྱི་འབྲས་བུ་གཅར།།ལྟོ་འཕྱེའི་ཤྲ་དང་སྦལ་འདྲའི་ཤཾ།ས་ཆུ་དག་ན་གནས་པའི་མེ།།གླང་མའི་སྒྲོན་ཤིང་འབྲས་བུ་དང་།།མེ་མ་བཏང་བའི་དུ་བ་དང་།།
55a6 ཉག་གཅིག་པོ་ཡི་དྲི་ཆེན་དང་།།སེམས་མ་ཆགས་པའི་ཤ་རྣམས་ཀུན།།ལེགས་པར་ནན་ཏན་བྱས་བཅས་ནིས།།འཇིག་རྟེན་པ་ཡི་ལྷ་རྣམས་ཀྱིས།།རྣམ་པར་དག་པས
55a7 མཐོང་མི་འགྱུར།།གདུག་པའི་ཀླུ་རྣམས་དེ་ལས་འགྲས་པའི་གདོན།།དེ་དག་འབྲས་བུ་གཅར་བ་ནི།།ཕག་པོ་རིག་པོའི་དོན་སྙིང་ལྔ།།ལྕེ་པོག་ནག་པོ་གསེར་ལུམ་དང་།།




iiif viewer powered by OpenSeadragon

54b - 55b

Texts on this page

N418 - dpal rdo rje gtum po thugs gsang ba'i rgyud phyi ma'i phyi ma