e-texts navigator
Collection
Volume
Page
Wylie

50b1 ཤ་རུལ་ཁྲག་རུལ་རྒྱུ་ཚལ་དང་།།སྔགས་མདའ་སྔགས་དང་ལྡན་པ་ཡིས།།རང་གནས་བརྟེན་པའི་བར་དུ་བཅད།།ཐོག་དྲག་ལྟ་བུར་སྔགས་ལས་བྱ།།རྩ་གཅིག་བར་དུ་གནོད་མ།
50b2 འགྱུར།།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་ཕྱིར་མི་ལྡོག་པའི་མནན་པའི་ལེའུ་སྟེ་བཅུ་བཞི་པའོ།།།།དེ་ནས་ལྷའི་དབང་པོས་ཡང་གསོལ་པ།ཀྱི་བ
50b3 ལྡན་འདས་གདུག་པ་ཅན་དེ་དག་དེ་ཉིད་ཁོ་ནར་འགྲོ་བ་ལ་རྣམ་པར་འཚེ་འམ།དེ་དག་གཞན་དང་གཞན་དག་གི་མཐུ་ཡང་གནོན་པར་འགྱུར།གལ་ཏེ་གཞན་དག་གི་མཐུས་ཀྱང་འགྲོ
50b4 བ་མ་རུངས་པར་བྱེད་ན།དེ་ཇི་ལྟར་ཡོངསུ་བསལ་བར་བགྱི།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཉོན་ཅིག་དབང་པོ་ཆེན་པོ་ལྷ།།ཕྱི་མའི་དུས་ཀྱི།
50b5 སེན་ལ།།གདུག་པའི་དུག་ཅིག་ཞུགས་གྱུར་ན།།ཕོ་ཉ་ཚོགས་ཀྱིས་མ་རུངས་བྱེད།།བཙན་དྲང་རྒྱལ་པོ་འགོང་པོ་དང་།།དངོས་གྲུབ་འཚེ་བ་བྱེད་ཀུན་དུ།།དེ་དག་དེ་ཉིད་ཤེས་གྱུར་ན།།དེ་དག
50b6 རང་གཤེད་རང་གིས་བྱེད།རཱ་ཛཱ་ཙིཏྟ་རྦད་ནཱན།ཙ་ཧུ་ར་ཐུམས་ཛཾ་མཱ་ར་རྦད་ནཽན།།ཽ་ཏྲི་ཙཏྟ་རྦད་ནན།ཏྲི་ཙིཏྟ་རྦད་ནན།ཧ་བ་ཤཱ་ཏྲི་ཙིཏྟ་རྦོད་ནནཾ།རུ་ཏཱི་ཙིཏྟ་རྦད་ནན།རཱ་ཛཱ་ཏྲྀ་ག་ནན།ཙ་ཧུར
50b7 བྲུཾ་ཛཾ་མཱ་ར་ཡ་རྦད།སྔོ་བརྒྱད་སྤྱི་གདུལ་བ་ནི།ོཾ་ཨཱཿཧཱུ~ཾ་བཛྲེ་སརྦ་དུཥྚཾ་ཏྲི་ག་ནན།ེ་ཧུར་བྲུ~ཾ་ཛ་མཱ་ར་ཡ་རྦེད།གལ་ཏེ་རྒྱལ་པོའི་གདུག་པ་དག།ཤིན་ཏུ་ཆེ་བར་གྱུར་པ་ན།།ཀུ་ཤ་རྩ




iiif viewer powered by OpenSeadragon

50a - 51a

Texts on this page

N417 - dpal rdo rje gtum po thugs gsang ba'i rgyud phyi ma