e-texts navigator
Collection
Volume
Page
Wylie

4b1 སྐུད་པས་བྱའོ།།རིམས་ནད་མེད་པར་བྱ་བ་དང་།གཞོགས་ཕྱེད་ན་པ་དང་།ཡི་གེ་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ།།ནོར་འདོད་པ་ལ་ནི་ཞག་གུཅག་བསྙུངས་པར་འདུག
4b2 སྟེ་སྤོས་ཀྱིས་གདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན།།མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་ལ་སྡིགས་སྟོང་བཟླས
4b3 ནས་གསོལ་བ་བཏབ་ན་གསེར་གྱི་དེང་ཚེ་བདུན་སྟོང་སྦྱིན་པར་བྱེད།།རྒྱས་བཏབ་པ་འགྲེལ་བར་འདོད་ན་ཐལ་བྲས་བྱ་རོ།།སྒོ་ལྕགས་དབྱེ་བར་འདོད་ན་ཉུངས་ཀ་རེ་གྱིས་བྱའོ།།
4b4 འཇིགས་པ་ཐམས་ཅད་ལས་སྲུང་བ་ལ་ནི་རྩེ་མར་སྙིང་པ་དྲང་ཐལ་བ་དང་ཉུངས་ཀོར་གྱིས་བྱའོ།།ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་སྲུང་བའི་མདུད་པ་བྱས་ཏེ
4b5 མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུརརོ།།བྱིས་པ་གདོན་གྱི་ཉེན་པ་ཐམས་ཅད་ལ་ནི་ཆོན་སྣ་ལྔ་པའི་སྐུད་པ་མགུལ་ལ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།།
4b6 ཆོམ་རྐུན་བཟློག་པར་འདོད་ནསས་བྱའོ།།དུག་ལ་ནི་ཊཱི་ཀུ་ཤས་བྱབ་པར་བྱའོ།།བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ།།གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།།
4b7 ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་གཅིག་གམ།གསུམ་མམཽ།ལན་བཅུ་བཞི་འམ།ཉི་ཤུ་རྩ་གཅིག་གོམ།བརྒྱ་རྩ་བརྒྱད་བཟླས་ན་འགྲུབ་པར་འགྱུར།




iiif viewer powered by OpenSeadragon

4a - 5a

Texts on this page

N412 - 'phags pa lag na rdo rje gos sngon po can drag po gsum 'dul ba zhes bya ba'i rgyud