e-texts navigator
Collection
Volume
Page
Wylie

48b1 རྒྱུད་ཕྱི་མ་ལས་གདུག་པའི་དུག་རུས་པ་ལ་སློབ་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།།དེ་ནས་ལྷའི་དབང་པོས་གསོལ་པ།ཀྱེ་མ་བཅོམ་ལྡན་འདས
48b2 སློང་མོའི་དུས་ཀྱི་འགྲོ་བ་ལ་ཕན་གདགས་པའི་ཕྱིར་རྫས་ཀྱི་ཁྱད་པར་བཀའ་སྩལ་དུ་གསོལ་ཞེས་གསོལ་པས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཉོན་ཅིག་ལྕེའི་དབང
48b3 བོ་གཙོ།།ཕྱི་མའི་དུས་ཀྱི་སེཾན་ནམས།།གདུག་པའི་དུག་གིས་ཉེན་པ་ན།།ཕན་པའི་སྦྱར་འདི་ལྟ་བུ།ཀུན་ཀྱང་སྔགས་ཀྱིས་བསྒྲུབ་པར་བྱ།།མེ་འོདི་འདྲ་ན་སྤྱང་དུག་བཏང་།།ཆར
48b4 མ་ཟུག་པ་ལྕི་བུ་ལ།།ར་དུག་དང་ནི་རེ་ལྕའོ།།ཚེ་ལ་འབྲིམ་པ་འབྱུང་བ་ནི།།བཙོད་དང་སྤང་སྤོས་བཏང་བར་བྱ།།ཤ་ནི་ཀོར་ཙེ་ཤུ་བ་ལ།།ར་ཐུག་སྲེད་དང་ལོང་བཏལ་བཏང་།།མ
48b5 དང་སར་ཀ་མི་འཚོ་ན།།ཁོང་དུ་སྒྲུབ་པའི་མ་གྷི་ཏ།།དེ་ཉིད་གྲག་པའི་སྔགས་ཀྱིས་གདུལ།།ཀོར་ཚེ་ཚོང་བ་མོད་པ་ལ།།སྟག་ཤ་གསེར་གྱི་མེ་ཏོག་དང་།།རྒྱ་ཆ་སྦྱར་ཏེ་བཏང་བར་བྱ།།
48b6 ཤ་བུ་ཐལ་བ་བདུད་རྩིས་གསོ།།མུ་ཟི་བ་གླ་ལྡོང་རེས་དང་།།དྲི་ཆུ་སྦྱར་ཏི་བསྐུ་བར་བྱ།།ན་ཚ་མེད་པའི་ཤུ་བ་ལ།།བོང་རི་ལི་ཏི་ཚ་མར་དཀར་བསྐུ།།ཚ་འཁུམ་སཽ་ལྷོ་པོག་རཱ་རུ་གཞོག།
48b7 ཚ་དང་ཞུན་ཆེན་སྦྱོར་བར་བྱ།།ལུས་ཀྱི་ཉམས་སྟོབས་ཆུང་བ་ན།།བུམ་པིའི་ཆུ་དང་མ་གི་ཏ།།སྦྱར་ཏེ་བཀྲུ་ཞིང་གཏུང་བར་བྱ།།དྲི་ཆུ་ཞུན་ཆེན་བཏང་བར་བྱ།།ཤ་བཀྲ་གུར་གུམ།




iiif viewer powered by OpenSeadragon

48a - 49a

Texts on this page

N417 - dpal rdo rje gtum po thugs gsang ba'i rgyud phyi ma