e-texts navigator
Collection
Volume
Page
Wylie

48a1 །དམར་ལ་བམ།།དུ་བ་མིག་དུ་སོང་བ་བཞིན།།མིག་གི་མཐའ་མཆུ་ཡིས་གང་།།མིག་ཀླུང་ཟླུམ་ལྔ་སྨིན་མ་གླགས།།སྨིན་མ་བ་ཞིང་མིག་ཀྱང་འགུལ།།སོར་མན
48a2 ནི་བྱི་འཇུག་འདྲ།།རྩ་དང་ཆུ་ལ་ཞུགས་པི་ནི།།ལུས་ལ་དྲི་མ་བ་འབྱུང་།།ཆུ་པུར་དང་ནི་ཆུ་རྒངས་དང་།།དེ་ནི་རྩེ་ཡི་མེ་ཏོག་ཡིན།།ཆུ་སེར་མདོག་ནི་དུད་ཁུ་འདྲ།།ཆུ་སེར་སྐོ་རུལ་མན།།
48a3 པ་དང་།།ཀོ་བ་རུལ་པའི་དྲི་མནམ་པའི།།ཆུ་སེར་དང་ནི་འབྱུང་བ་ཡིན།།རོ་སྟོང་མི་བདེ་བློ་ཡང་འདེགས།།སྤྱི་ཡི་མཚན་ཉིད་འདི་དག་དང་།།འབྱུང་བར་འགྱུར་བ་དག་ཀྱང་ཡོད།།མེ
48a4 འོད་ཚ་བ་འདྲ་བ་འོང་།།ཆེར་མ་ཟུག་པ་འདྲ་བ་འོང་།།ལུས་པོ་ཆེ་ལ་འབྲུམ་པ་འོང་།།ཀོར་ཚ་ཤུ་བ་འབྱུང་བ་དང་།།རྨ་དང་སེར་ཀ་མི་འཚོ་བ།།ཀོར་ཚ་ཚོར་བ་མེད་པ་འབྱུང་།།ན་ཚ
48a5 མེད་པའི་ཤུ་བ་འབྱུང་།།ཚལ་འཁུམས་པ་འབྱུང་བ་ཡོད།།ལུས་ཀྱི་ཉམས་སྟོབས་ཆུང་བ་འབྱུང་།།གླང་ཤུ་བ་དང་ཤྲ་བཀྲ་འབྱུང་།།ཤ་རོ་སྦལ་མིག་འདྲ་བ་འབྱུང་།།ཤ་སུལ།
48a6 ཐམས་ཅད་འགུལ་འཕྲིག་འབྱུང་།།དུག་གིས་རུས་པར་སླེབ་གྱུར་ན།།ཕྱི་ཡི་ཤ་རྣམས་ཀུན་སྐམས་ཏེ།།མདོག་ནི་སྔོ་སྐྱ་ཤ་མདངས་འཆོར།།གོས་ཀྱི་མདངས་ཀྱང་འཆོར་པ
48a7 སྟེ།དེན་ཐར་བར་མི་འགྱུར་ཀྱང་།།སྔགས་དང་རྫས་དང་ཏིང་འཛིན་གྱིས།།ཚེ་རིང་སྐད་གསང་ལུས་ཀྱང་བདེ།།ཅིསོ་གསུང་སོ།།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བ




iiif viewer powered by OpenSeadragon

47b - 48b

Texts on this page

N417 - dpal rdo rje gtum po thugs gsang ba'i rgyud phyi ma